ལྷད་མེད་བརྩེ་སེམས་ས་མཐོར་བཅངས། རིན་བྲལ་ལང་ཚོ་སྐྱེས་སུ་ཕུལ།
ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས་ཉེན་རྟོག་པ་དང་མི་དམངས་ཉ་ཆུ་ལྟར་བརྩེ་བ་ཟབ་པའི་དུས་རབས་ཀྱི་བསྟོད་གླུ་བརྩམས་པ།
འདི་ནི་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཞིང་ནང་དང་མུ་ཁར་བཅའ་ཁྲིམས་ཁྱབ་གདལ་གཏོང་བཞིན་པ། (དཔྱད་གཞིའི་པར་རིས)
རྩོམ་སྒྲིག་པའི་སྦྲགས་མཆན།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་དགའ་སྤྲོ་ཆེན་པོས་བསུ་བ་ཞུ་བའི་མཚམས་སུ། ཁྲིམས་སྐྱོང་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ་དང་གཞི་རིམ་གྱི་ལག་ལེན་དང་འབད་འཐབ་ཀྱི་གཏམ་རྒྱུད་གསོན་ཉམས་དོད་པོས་བགྲང་ཆེད། འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང“ཁྲིམས་ལྟར་བོད་སྐྱོང་། གོམ་སྟབས་བརྟན་པོ”ཞེས་པའི་རིམ་སྤེལ་གསར་འགྱུར་འགོད་རྒྱུ་ཡིན་པས་དོ་ཁུར་ཡོད་པ་ཞུ།
ཚེ་སྲོག་སྲུང་སྐྱོབ།
ཁ་བ་བུ་ཡུག་ཁྲོད་ནས་བརྩེ་བ་ཟབ་མོ་མངོན།
ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི“དམངས་ཀྱི་གནས་ཚུལ་ཟིན་ཐོ”མཐུག་པོ་དེའི་ཤོག་ལྷེ་རེ་རེའི་ངོས་སུ། མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་བྱས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བཀོད་ཡོད།
2019ལོའི་ཟླ་2ཚེས་27ཉིན། ཕག་རི་ནས་གྲོ་མོ་བར་གྱི་གཞུང་ལམ་ཁ་བ་བུ་ཡུག་གིས་བཀླུབས་ནས་རླངས་འཁོར་5དང་མང་ཚོགས་15ཉེན་ཁའི་ཁྲོད་དུ་ལུས་ཤིང་། མཐུག་ཚད་ལ་སྨི་ཕྱེད་ཀ་ཙམ་ཟིན་པའི་གངས་གསོག་དེ་རོགས་སྐྱོབ་ཀྱི་འགོག་རྐྱེན་ཆེ་ཤོས་སུ་གྱུར། དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་འོག་གི་ཏུའུ་25ཡི་གྲང་ངར་ཁྲོད་དུ་མི་དམངས་ཉེན་རྟོག་པས་སྦྱག་མ་དང་འཇོར་སོགས་ལག་ཆ་ཁྱེར་ནས་གངས་འཁྱགས་ཀྱི་ཁྲོད་དུ་ཚེ་སྲོག་གི་བགྲོད་ལམ་ཞིག་བཤངས་ཏེ་ཉེན་གྱར་མི་སྣ་བདེ་བླག་ངང་བསྐྱབས།
དེ་དང་དུས་མཚུངས་ཁ་བ་བུ་ཡུག་གིས་རྐྱེན་པས་ད་དུང་རླངས་འཁོར་40ལྷག་ཙམ་དང་མི་180ལྷག་ཙམ་ཕག་རི་གྲོང་རྡལ་དུ་ལུས།
“དཀའ་ངལ་ཡོད་ན་སྲིད་གཞུང་དང་། ཉེན་རྟོག་པ། དཔུང་སྡེ་བཅས་འཚོལ་རོགས་ཞེས་པའི་སྐད་ཆ་དེ་ནི་སྟོང་པ་ཞིག་གཏན་ནས་མ་རེད” མི་དམངས་ཉེན་རྟོག་པས་བྱ་སྤྱོད་དངོས་ལ་བརྟེན་ནས་དམ་བཅའ་དོན་འཁྱོལ་དང་ཟ་སྡོད་འོས་འཚམ་བཀོད་སྒྲིག་བྱས་ཏེ། དངངས་འཚབ་ལངས་པའི་འགྲུལ་པའི་སེམས་ཁྲལ་དང་དཀའ་ངལ་བསལ་ཡོད།
བགྲང་བྱ་དྲུག་ཅུ་ལྷག་ཙམ་གྱི་ལོ་ཟླའི་ནང་། ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གང་དུ་དགོས་མཁོ་ཡོད་ཚེ། འདི་གར་དེ་མ་ཉིད་དུ་སླེབས་པར་བྱེད་ཀྱི་ཡོད་པས། ཁོང་ཚོ་ནི་མང་ཚོགས་ལ་དཀའ་ཉེན་འཕྲད་སྐབས་ཀྱི་རྒྱབ་རྟེན་དུ་གྱུར་ཡོད།
ཟོལ་མེད་ཞབས་ཞུ།
“རྒྱབ་ཁུར”གྱི་དམངས་འཚོ་དང“ཇ་ཕོར་གསུམ”གྱི་འདུམ་འགྲིག
“ཐུགས་རྗེ་ཆེ། ཁྱེད་རྣམས་མེད་ན་ངའི་གཅུང་པོའི་ཐོབ་ཐང་ལག་འཁྱེར་གཉེར་ཐུབ་ས་མ་རེད”ཅེས་ཨ་ཁུ་ཚེ་བརྟན་གྱིས་མི་དམངས་ཉེན་རྟོག་པའི་ལག་ནས་དམ་པོར་འཇུས་ཏེ་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།
2024ལོའི་ཟླ་2ཚེས་17ཉིན། མངགས་གཏོང་ཁང་གི་རྒྱབ་ཁུར་ཉེན་དོན་རུ་ཁག་གིས་བཅར་འདྲི་བྱེད་རིང་ཤེས་རྟོགས་བྱུང་བར། ཨ་ཁུ་ཚེ་བརྟན་གྱི་གཅུང་པོར་སྨྱོ་ནད་ཕོག་ནས་རང་རྐྱ་མི་འཕེར་བའི་ཁར་སྤེལ་རེས་བྱེད་ཐབས་བྲལ། དེས་མ་ཚད་ཨ་ཁུ་ཚེ་བརྟན་ཁོང་ཡང་ལོ་ན་བགྲེས་པའི་དབང་གིས་རྐང་པ་ཐང་པོ་མེད་སྟབས་ཐོབ་ཐང་ལག་འཁྱེར་གཏན་ནས་གཉེར་ཐུབ་མེད། མི་དམངས་ཉེན་རྟོག་པས་འཕྲལ་མར་སྒྲིག་ཆས་ཁྱེར་ནས་སྒོ་ཁར་ཆ་འཕྲིན་འཚོལ་བསྡུ་བྱས་པ་མ་ཟད། ལག་འཁྱེར་ཐོན་མ་ཐག་ཁྱིམ་དུ་བསྐྱལ་བ་རེད།
“རྒྱབ་ཁུར་ཉེན་དོན”ནི་ཕག་རི་མཐའ་མཚམས་མངཌ་གཏོང་ཁང་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཀྱི་མཚོན་བྱེད་ཙམ་ཞིག་ཡིན་པ་དང་། དེས་འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་དང་། དབང་པོ་སྐྱོན་ཅན། དཀའ་ངལ་ཡོད་པའི་ཁྱིམ་ཚང་སོགས་དམིགས་བསལ་ཚོགས་སྤྱིར་སྒོ་ཁར་ཞབས་འདེགས་ཞུས་ནས་ཁོང་ཚོར་དྲོ་སྐྱིད་ཚོར་བར་བྱེད་ཀྱི་ཡོད།
དྲོ་སྐྱིད་དེ་ལྟ་བུ་ཡུན་རིང་གི་ཐུགས་ཁུར་ལས་མངོན་གྱི་ཡོད། ཕག་རི་གྲོང་རྡལ་གྲོང་མི་ཨུ་ལྷན་བཞི་པའི་དབང་སྐྱོན་གཞོན་ནུ་ཚེ་རིང་གཡུ་སྒྲོན་བྱིས་དུས་སུ་ཚ་བ་ཤུགས་ཆེན་རྒྱས་ནས་སྐད་ཆ་ཤོད་རྒྱུ་དང་འགྲོ་སྐྱོད་ནུས་པར་ཤུགས་རྐྱེན་ཐེབས་ཡོད། 2000ལོ་ནས་2022ལོ་བར་གྱི་ལོ་22ཀྱི་རིང་། དྲག་ཆར་རླུང་འཚུབ་ལྡང་བའམ་ཡང་ན་ལོ་གསར་དང་དུས་ཆེན་གང་གཏོང་དགོས་ཀྱང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་ཁོང་ལ་ལྟ་རྟོག་དང་འཚམས་འདྲི་བྱེད་ཀྱི་ཡོད།
ཉེན་སྐྱོར་དཀའ་སེལ་ཕུད་འགལ་ཟླ་སེལ་རྒྱུ་དེའང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལྷུ་ཚིགས་གལ་ཆེན་ཞིག་རེད།
ཕག་རི་མཐའ་མཚམས་མངཌ་གཏོང་ཁང་གིས“ཇ་ཕོར་པ་གསུམ”གྱི་འདུམ་འགྲིག་བྱེད་ཐབས་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་ནས། གྲོང་རྡལ་སྲིད་གཞུང་དང་། ཁྲིམས་ར། གྲོང་སྡོད་ལས་དོན་རུ་ཁག་སོགས་ཕྱོགས་མང་སྟོབས་ཤུགས་འདུམ་འགྲིག་དཔུང་ཁག་ནང་བཅུག་སྟེ། མངཌ་གཏོང་ཁང་གིས་སྣེ་ཁྲིད་པ་དང་ཕྱོཌ་མང་མཐུན་སྦྱོར་གྱི་འདུམ་འགྲིག་མ་ལག་ཆགས་པར་བྱས་ནས“དོན་ཆུང་གྲོང་ཚོར་ཐག་གཅོད་དང་དོན་ཆེན་གྲོང་རྡལ་དུ་ཐག་གཅོད”ཐུབ་པའི་ཞི་མཐུན་གྱི་རྣམ་པ་མངོན་འགྱུར་བྱུང་ཡོད།
བགྲང་བྱ་དྲུག་ཅུ་ལྷག་གི་ལོ་ཟླའི་ནང་། མཐའ་སྲུང་མི་དམངས་ཉེན་རྟོག་པ་མི་རབས་རྒན་གྲས་ཀྱིས་འབྲོག་པར་སྨན་བཅོས་དང་སྨན་རྫས་སྐྱེལ་བ་ནས་ད་ཆའི་གནས་སྤོས་མི་སེར་དོ་དམ་ཉེན་རྟོག་པས“འཇའ་ཚོན་ཞབས་ཞུ་རུ་ཁག”བཙུགས་པ་དང“རྩ་དོན་བཅུ་ཡིས་ལས་ཕྱོད་མཐོ་རུ་གཏོང་ཐབས”ཁྱབ་གདལ་བཏང་བའི་བར། ཕག་རིའི་ཡངས་པའི་རྩྭ་ཐང་དུ་མི་དམངས་ཉེན་རྟོག་པའི་རྒྱབ་གཟུགས་རྟག་ཏུ་མཐོང་རྒྱུ་ཡོད།
གྲངས་གཞི་རེ་རེའི་ནང་བརྩེ་བ་ཟབ་མོ་འདུས་ཡོད་ཅིང་། 2013ལོ་ཚུན་དུ་རིམ་རྩིས་བརྒྱབ་ན་བྱ་བ་དངོས་1500ལྷག་ཙམ་བསྒྲུབས་པ་དང་། འགལ་ཟླ་དང་རྩོད་གཞི་600ལྷག་ཙམ་བསལ་བ། མང་ཚོགས་4000ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་རོགས་རམ་བྱས་ཡོད། མང་ཚོགས་ཀྱི་ཁས་ལེན་དང་བློ་ཡིད་ཚིམ་ཚད་ནི་ཐོག་མཐའ་བར་གསུམ་དུ་མངཌ་གཏོང་ཁང་གི་ལས་དོན་ལ་ཚད་འཇལ་བྱེད་པའི“ཚད་གཞི་རྩོད་མེད”ཅིག་རེད།
སྙིང་སྟོབས་རྒྱུན་འཛིན།
ལོ་རབས་95ཡི་རྗེས་སུ་སྐྱེས་པའི་མི་དམངས་ཉེན་རྟོག་པའི་སྐོར་གཡེང་གི་གསང་བ།
ལོ་རབས་95ཡི་རྗེས་སུ་སྐྱེས་པའི་མི་དམངས་ཉེན་རྟོག་པ་ཐན་དབྱིའི་འགྱུར་ལྡོག་ནི“ཨང་དང་པོ་བཞིའི”སྙིང་སྟོབས་གཅིག་རྒྱུན་གཅིག་གིས་འཛིན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།
2020ལོའི་ཟླ་དང་པོའི་ཟླ་འགོར་མངགས་གཏོང་ཁང་དུ་སླེབས་སྐབས། ཁོང་གིས“ཕག་རིའི་ས་བཀྲ་གསོན་པོ”ཞེས་འབོད་པའི་སུའོ་ཀྲང་པད་མ་རིན་ཆེན་དགེ་རྒན་དུ་བསྟེན་ནས་སློབ་སྦྱོང་ཧུར་ཐག་བྱས་ཤིང་། དུས་ཐུང་ལོ་ཤས་ནང་ལག་གསར་ཞིག་ནས་རང་མགོ་རང་ཐོན་གྱི་མི་དམངས་ཉེན་རྟོག་པ་ཞིག་ཏུ་འཚར་ལོངས་བྱུང་།
སྤྱི་ལེ་ངོས་གྲུ་580ཟིན་པའི་ཁོངས་གཏོགས་ཁུལ་གྱི་འབྲོག་རའི་སྐོར་སྐྱོད་དོ་དམ་ཐད་ཀྱི་དཀའ་གནད་སེལ་ཆེད། དུས་ཡུན་ཟླ་བ་གཅིག་ལྷག་ཙམ་རིང་། ཐན་དབྱི་དང་། པད་མ་རིན་ཆེན། བསྟན་འཛིན་རྡོ་རྗེ་སོགས་མི་དམངས་ཉེན་རྟོག་པས་འབྲོག་ར་ཚང་མར་བསྐྱོད་དེ། ཁོངས་གཏོགས་ཁུལ་གྱི་འབྲོག་རའི་ཆ་འཕྲིན་གསར་བརྗེས་དང་འཐུས་སྒོ་ཚང་དུ་བཏང་བས་ཐོ་དེབ་མཐུག་པོ་བཞི་དོན་པ་མ་ཟད། ཡུག་ཁུལ་འགན་གཙང་གི་འགན་འཁྲི་དང་འགུལ་རྣམ་གསར་བརྗེས་ཀྱི་ལམ་སྲོལ་ཡང་བཙུགས་ཡོད།
བགྲང་བྱ་དྲུག་ཅུ་ཡི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ཁོང་ཚོར“རྒྱལ་ཡོངས་ཀྱི་དཔེ་བཟང་མཐའ་སྲུང་མངགས་གཏོང་ཁང”དང་། “རྒྱལ་ཡོངས་ཀྱི་གཞོན་ནུ་ཤེས་དཔལ་ཅན” རང་སྐྱོང་ལྗོངས་ཀྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་མཉམ་སྡེབ” སྤྱི་ཁྱབ་ས་ཚིགས་ཀྱི“ཕུལ་བྱུང་གཞི་རིམ་ཏང་ཀྲི་པུའུ” རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི“མཉམ་སྡེབ་བྱས་རྗེས་རིམ་པ་གཉིས་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་གྲངས་ལས་འདས་པ་ཐོབ་ཡོད་ཅིང་། བྱས་རྗེས་གཟེངས་རྟགས་རེ་རེ་ལས་ནམ་ཡང་འགྱུར་བ་མེད་པའི་ཐོག་མའི་བསམ་འདུན་གྱི་བཀྲག་མདངས་རབ་ཏུ་འཚེར།
འོན་ཀྱང་། གཟེངས་བསྟོད་རྟཌ་མ་ལས་དེ་བས་རྩ་ཆེ་བ་ཞིག་ནི་འབྲོག་པ་མང་ཚོགས་ཀྱི་སེམས་གཏིང་གི་ཟོལ་མེད་ཀྱི་བརྩེ་བ་དེ་རེད། ཨ་མ་རྒན་མོ་ཚོས་ཇ་བསྲུབས་མ་ཁྱེར་ཏེ་སྐོར་གཡེང་ལམ་མདོར་སྐྱེལ་བར་ཡོང་བ་དང་། བྱིས་པ་ཚོས་ཉེན་རྟོག་པའི་ལས་གོས་མཐོང་ཚེ། ངོ་གདོང་ལས་དགའ་བའི་འཛུམ་མདངས་དབང་མེད་དུ་འཕྱུར་བ། འབྲོག་པ་ཚོས་རང་འགུལ་ངང“མཐའ་མཚམས་སྲུང་སྐྱོང་དང་བླངས་རུ་ཁག”བཙུགས་ནས་མི་དམངས་ཉེན་རྟོག་པ་དང་མཉམ་དུ་མཐའ་མཚམས་ལ་སྐོར་གཡེང་བྱས་པ་སོཌ་རེད།
ད་ཆ་གཟི་བརྗིད་ལ་བདེན་དཔང་ཐུབ་པའི་ས་མཐོའི“དཔེ་བཟང་ལམ་བུ”དེ་བརྒྱུད་སྐབས། “ཨང་དང་པོ་བཞིའི”སྙིང་སྟོབས་མི་དམངས་ཉེན་རྟོག་པ་ཚོའི་འདམ་རྫབ་ཀྱིས་ཁེངས་པའི་སྐོར་གཡེང་ལྷམ་དང་འདུམ་འགྲིག་ཁང་གི་དྲི་ཞིམ་འཐུལ་བའི་ཇ་དང་མཉམ་འདྲེས་གཏིང་ཟབ་ཐུབ་ནས། དུས་རབས་གསར་པའི་མཐའ་མཚམས་བཅོས་སྐྱོང་གི་ལག་ལེན་ཁྲོད་དེ་བས་བཀྲག་མདངས་ལྡན་པའི་འོད་སྣང་འཚེར་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།