“རྒྱལ་ཡོངས་ཀྱི་དམིགས་བསལ་སྒྲིག་ཆས་བདེ་འཇགས་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་ལྷ་སར་སྤེལ་བ།
འདི་ནི་ལས་དོན་པས་མང་ཚོགས་ལ་ཁྲོ་ཐབ་བེད་སྤྱོད་བྱེད་སྐབས་དོ་སྣང་བྱེད་དགོས་པའི་གནད་དོན་འགྲེལ་བཤད་རྒྱག་བཞིན་པ།
ཉིན་ཤས་གོང་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་རིམ་པ་གཉིས་ཀྱི“དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་སྲུང་སྐྱོང་དང་བདེ་སྐྱིད་འཚོ་བ་མཉམ་སྤྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“རྒྱལ་ཡོངས་ཀྱི་དམིགས་བསལ་སྒྲིག་ཆས་བདེ་འཇགས་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་ལྷ་སར་སྤེལ་བ་རེད།
དམིགས་བསལ་སྒྲིག་ཆས་དེ་ང་ཚོའི་ཐོན་སྐྱེད་དང་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པས། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལྟ་འདོམས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་མཐའ་ཚད་བརྟན་པོར་སྲུང་བ། སྤྱི་དམངས་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱ་ཆེད། བྱེད་སྒོའི་ནང་གཙོ་བོ་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་བརྙན་ལམ་སྟོན་པ་དང་། བདེ་འཇགས་ཤེས་བྱའི་ལག་དེབ་སྤྲོད་པ། ས་གནས་ས་ཐོག་ཏུ་བདེ་འཇགས་ཤེས་བྱར་འགྲེལ་བཤད་རྒྱག་པ། བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་སོགས་ཀྱི་བྱ་ཐབས་བརྒྱུད་མང་ཚོགས་ལ་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་བ་རེད།
ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ནི་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གཉེར་འགན་ཁུར་བ། ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་དང་ལྷ་ས་གྲོང་ཁྱེར་དམིགས་བསལ་སྒྲིག་ཆས་ལས་རིགས་མཐུན་ཚོགས་ཀྱིས་གཞོགས་འདེགས་ཀྱིས་གཉེར་བ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།