དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-15

    ཉེ་ཆར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས》ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྡེ་ཁུལ་ཡོ་བསྲང་ལས་དོན་ལ་སྤྱི་ཚོགས་ཀྱིས་རྒྱུས་མངའ་ཡོང་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས》ལག་བསྟར་བྱས་ནས་ལོ་ལྔ་འཁོར་བའི་སྐབས་སུ་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་གྲོང་ཚོའི་གུང་ས་བཀོད་སྒྲིག་ཁུལ་ཆུང་དུ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་འགྲེམས་པང་འཛུགས་པ་དང་དྲིལ་བསྒྲགས་དཔྱད་གཞི་སྤྲོད་པ་སོགས་ཀྱི་རྣམ་པ་བརྒྱུད་ཁུལ་ཆུང་གི་གྲོང་མིར་སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས་ཀྱི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་བཏང་བ་དང་། དྲིལ་བསྒྲགས་དཔྱད་གཞིའི་གྲས་སུ་སྡེ་ཁུལ་ཡོ་བསྲང་གི་གོ་དོན་དང་། སྤྱོད་འཐུས་ཁྱབ་ཁོངས། ལས་ཀའི་བརྒྱུད་རིམ་སོགས་ཚུད་ཡོད་པས། གྲོང་མི་མང་པོ་ཞིག་གོམ་པ་སྤོ་མཚམས་བཞག་ནས་ཞིབ་ལྟ་བྱེད་པའི་ཡིད་དབང་བཀུག་ཡོད། ལས་བྱེད་ཉེན་རྟོག་པ་ཚོས་ད་དུང་འགྲོ་འོང་བྱེད་མཁན་གྲོང་མིར་དྲིལ་བསྒྲགས་ལག་དེབ་སྤྲད་དེ་སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་དམིགས་ཡུལ་དང་། དོན་སྙིང་གལ་ཆེན། དེ་བཞིན་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ཁེ་དབང་དང་འོས་འགན་སོགས་ཀྱི་ནང་དོན་ངོ་སྤྲོད་ཞིབ་ཕྲ་བྱས་པས། གྲོང་མི་རྣམས་ཀྱིས་སྡེ་ཁུལ་ཡོ་བསྲང་ལས་དོན་ལ་ཐད་ཀར་དང་ཕྱོགས་ཡོངས་ནས་ངོས་འཛིན་སྔར་བས་ཐུབ་པ་བྱུང་ཡོད།

    ད་ཐེངས་ཀྱི་སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་སྒོ་བརྒྱུད། གྲོང་མིའི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ཕྱིན་པ་མ་ཟད། མི་མང་པོས་སྡེ་ཁུལ་ཡོ་བསྲང་ལས་དོན་ལ་ཡང་ཤེས་རྟོགས་བྱུང་བ་དང་དེར་རྒྱབ་སྐྱོར་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།