སྤུ་ཧྲེང་རྫོང་གི་རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ།
གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་སྔར་བས་སྲ་བརྟན་དུ་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་སྒོ་བྱང་གི་ཡོལ་བ་འབྱེད་པའི་མཛད་སྒོ་འཚོགས་པ་རེད།
ད་ཐེངས་སྤུ་ཧྲེང་རྫོང་གིས་རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་སྒོ་བྱང་གི་ཡོལ་བ་འབྱེད་པའི་མཛད་སྒོ་འཚོགས་པའི་དམིགས་ཡུལ་ནི། “ཐོན་ཁུངས་ཟླ་སྒྲིལ་དང་། འཁོར་རྒྱུག་ནུས་ཆེན། མང་ཚོགས་ལ་ཞབས་ཞུ”བཅས་ཀྱི་དམིགས་ཚད་ལ་དམིགས་ཏེ། བཀོད་འདོམས་བཀོད་གཏོང་དང་། འགལ་བ་སེལ་བ། ཉེན་ཁར་ཞིབ་གཅོད་བཅས་གཞི་གཅིག་ཏུ་འདུས་པའི་སྤྱི་ཚོགས་བཅོས་སྐྱོང“ལྟེ་གནས”བསྐྲུན་ནས་རྫོང་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་དེ་རེད།
སྒོ་བྱང་གི་ཡོལ་བ་ཕྱེ་རྗེས་ཚོགས་ཞུགས་མི་སྣས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་བྱེད་ནུས་ཁུལ་ཁོངས་ལ་ལྟ་སྐོར་བྱས་ནས། འགལ་བ་འདུམ་འགྲིག་ཁང་དང་བཀོད་འདོམས་བཀོད་གཏོང་སྟེགས་བུ་སོགས་འཛུགས་སྐྲུན་དང་འཁོར་རྒྱུག་གནས་ཚུལ་ཤེས་རྟོགས་བྱས་པ་རེད། བྱེད་ནུས་ཁུལ་ཁག་གིས“ཆ་འཕྲིན་འཚོལ་བསྡུ་དང་། འགལ་བ་འདུམ་འགྲིག སྲིད་ཇུས་དྲིལ་བསྒྲགས། དམངས་འཚོའི་ཞབས་ཞུ”སོགས་ཀྱི་འགན་ནུས་ལ་དམིགས་ནས། “གཅིག་མཐུན་བདག་སྤྲོད་དང་། མགོ་མཇུག་གཙང་སྒྲིལ། སྡེབ་གཅིག་ལ་ཐག་གཅོད”བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ་མང་ཚོགས་ལ་དེ་བས་སྟབས་བདེ་དང་ཕན་ནུས་ཆེ་བའི་སྤྱི་ཚོགས་བཅོས་སྐྱོང་གི་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།