དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རྒྱལ་རྩེ་རྫོང་ཁྲིམས་ཁང་གིས་ལད་མོའི་ཁྲིམས་ཁང་སློབ་གྲྭར་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-15

    ཉིན་ཤས་གོང་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ(སྡེ་ཚོགས་ཨུ་ལྷན)ཡིས་རྫོང་མི་དམངས་ཁྲིམས་ཁང་དང་མཉམ་དུ“ལང་ཚོའི་ཟིལ་ཤུགས་ངོམས། བཅའ་ཁྲིམས་རོགས་རམ་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་གཞོན་ནུ་ལོ་ཆུང་གི་ལད་མོའི་ཁྲིམས་ཁང་སློབ་གྲྭར་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་ཞིང་། སློབ་འབྲིང་གསུམ་གྱི་སློབ་མ་610བྱེད་སྒོར་ཞུགས་ཡོད་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་རྒྱལ་རྩེ་སློབ་འབྲིང་དང་པོ་དང་། མིན་ཧང་སློབ་འབྲིང་། རྒྱལ་རྩེ་མཐོ་འབྲིང་བཅས་ཀྱི་འགྲན་ཞུགས་རུ་ཁག་གསུམ་གྱི་རུ་མིས་ཁྲིམས་དཔོན་གྱི་གྱོན་ཆས་དང་ལས་གོས་གྱོན་ཏེ་འདྲི་གཅོད་དཔོན་དང་། གཞུང་གཏུག་བ། དག་འབུད་པ་སོགས་ཀྱི་ཚབ་བྱས་ཏེ། རྐུ་རྒྱག་གི་ཉེས་པ་དང་། རྐང་བཙུགས་ནས་གནོད་འཚེ་བཏང་བའི་ཉེས་པ། ཆ་འཕྲིན་དང་དྲ་རྒྱའི་ཉེས་གསོག་བྱེད་སྤྱོད་ལ་རོགས་རམ་བྱས་པའི་ཉེས་པ་བཅས་ལ་དམིགས་ནས་ཁྲིམས་རའི་འདྲི་གཅོད་འཁྲུག་པོ་བྱས་པ་རེད། འགྲན་ཞུགས་རུ་ཁག་གིས་ལུགས་མཐུན་དྲང་གཞག་གི་སྒོ་ནས་ཁྲིམས་རའི་བརྟག་ཞིབ་བྱས་པ་དང་། ཛ་དྲག་ལ་རྣོ་ངར་ཆེ་བའི་ཁྲིམས་རའི་རྩོད་གླེང་བརྒྱུད་དྲང་གཞག་དང་རྔམ་བརྗིད་ལྡན་པའི་བཅའ་ཁྲིམས་ཀྱི་ཟིལ་ཤུགས་ལ་གསལ་འགྲེལ་ནན་པོ་བརྒྱབ་པ་རེད།

    དཔྱད་གླེང་བྱས་པ་བརྒྱུད། རྒྱལ་རྩེ་མཐོ་འབྲིང་ལ་སྐབས་འདིའི་ལད་མོའི་ཁྲིམས་རའི་འགྲན་བསྡུར་གྱི་ཕུལ་བྱུང་ཚོགས་པའི་བྱ་དགའ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།