དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆུ་ཤུར་རྫོང་མི་དམངས་ཁྲིམས་ཁང་གིས་ཆེད་མངགས་གདན་ཞུས་བར་འདུམ་པ་གདན་ཞུའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-15

    དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གཞི་རིམ་གྱི་འགལ་བ་དང་རྩོད་གཞི་སེལ་ནུས་ཆེ་རུ་གཏོང་ཆེད། ཉེ་ཆར། ཆུ་ཤུར་རྫོང་མི་དམངས་ཁྲིམས་ཁང་གིས་ཆེད་མངགས་གདན་ཞུས་བར་འདུམ་པ་གདན་ཞུའི་མཛད་སྒོ་དང་ལས་སྒོ་གསོ་སྦྱོང་ཚོགས་འདུ་གཟབ་རྒྱས་ངང་འཚོགས་པ་རེད།

    གདན་ཞུའི་མཛད་སྒོའི་ཐོག་ཆུ་ཤུར་རྫོང་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་ཚེ་རིང་ཀུན་དགས། ཆེད་མངགས་གདན་ཞུས་བར་འདུམ་པ་ནི་ཁྲིམས་ཁང་གིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཐག་གལ་ཆེན་ཞིག་ཡིན་ཞིང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཁྲོད་དེས་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། སླད་ཕྱིན་བར་འདུམ་པ་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བར་འདུམ་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ལས་སྒོའི་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་བར་འདུམ་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ལས་རིགས་ཀུན་སྤྱོད་ལ་བརྩི་སྲུང་ནན་པོ་ཞུ་བ། དྲང་གཞག་གི་རྩ་དོན་མཐའ་འཁྱོངས་བཅས་བྱེད་པའི་རེ་བ་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།