གླུ་ལེན་གར་འཁྲབ་ཀྱིས་ཏང་གི་བཀའ་དྲིན་ལ་བསྟོད་པ།
ཟླ་7ཚེས་7ཉིན། “རྟེན་འབྲེལ་ཆེ་མོ་བསུ། ཏང་གི་དྲིན་ལ་བསྟོད། མཉམ་དུ་འབད་འབུངས་བྱེད”ཅེས་པའི་ཆབ་མདོ་གྲོང་ཁྱེར་གྱི་ལོ་ཆུང་བྱིས་པའི་རིག་རྩལ་འཁྲབ་སྟོན་ཆབ་མདོ་གྲོང་ཁྱེར་ཁམས་པའི་འཁྲབ་སྟོན་ལྟེ་གནས་སུ་བྱས་པ་རེད། ཕྲུ་གུ་ཚོས་གར་སྟེགས་ཐོག་གསོན་ཤུགས་ཀྱིས་ཁེངས་པའི་འཁྲབ་སྟོན་བྱས་པ་ལས་ཆབ་མདོའི་བུ་ཕྲུག་གིས་ཏང་དང་། མེས་རྒྱལ། ཕ་ཡུལ་བཅས་ལ་བཅངས་པའི་བརྩེ་སེམས་དང་ཁོ་ཚོའི་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་ཞིང་། འདི་ནི་ཆབ་མདོ་གྲོང་ཁྱེར་བུ་བཅོལ་ཁང་དང་པོ་དང་ཁ་རུབ་ཆུས་སློབ་ཆུང་གཉིས་པའི་སློབ་མ་ཚོས་མཉམ་དུ《དམག་མི་ཆུང་ཆུང་གི་སེམས་པ་ཏང་ལ་ཕྱོགས》ཞེས་པའི་ཞབས་བྲོ་འཁྲབ་བཞིན་པ།
འབྲེལ་ཡོད་གསར་འགྱུར།