དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • “དཔོན་དམག་ལ་རེ་སྒུག་ཡོད་དུས་ལས་ཁུངས་ཀྱིས་འཕྲལ་དུ་སྒྲུབ་ངེས་ཡིན”

    བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-08

    འདི་ནི་བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་དཔོན་དམག་གིས་དཔུང་རུའི་འཐབ་རྩལ་སྦྱོང་བརྡར་བྱེད་བཞིན་པ།

    ཉེ་ཆར། བོད་དམག་ཁུལ་ཁང་དཔུང་སྡེ་ཞིག་གི་ཏང་ཨུད་ཀྱིས་ཕྱིར་ལས་འགན་སྒྲུབ་བཞིན་པའི་རེས་སྐོར་དམག་འཐབ་བཅའ་སྡོད་དམག་སྦྱོང་ཡན་ལག་རུ་ཁག་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་མ་ཟད། ཡན་ལག་རུ་ཁག་དེར་གློག་དང་། ཆུ། དྲ་བ་སོགས་ཀྱི་དགོས་མཁོ་མཐུན་སྦྱོར་ཐག་གཅོད་བྱས་ཏེ། བཅའ་སྡོད་དམག་སྦྱོང་ཡན་ལག་རུ་ཁག་གི་རྨང་གཞིའི་ཆ་རྐྱེན་ལེགས་སུ་ཏན་ཏིག་བཏང་ནས་དཔོན་དམག་གིས་རེས་སྐོར་དམག་འཐབ་བཅའ་སྡོད་དམག་སྦྱོང་ལས་འགན་སྔར་བས་ལེགས་པར་སྒྲུབ་ཐུབ་པ་བྱས་ཡོད།

    གསར་འགོད་པས་ཤེས་རྟོགས་བྱུང་བར། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུན་དུ། དཔུང་སྡེ་དེས་ཏང་ཨུད་ལྟེ་བའི་ཚོགས་ཆུང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ལས་བྱེད་རྐང་འཛིན་གྱི་རིགས་པའི་གཞུང་ལུགས་རེས་སྐོར་སྦྱོང་བརྡར། ཏང་གི་སློབ་ཚན་སློབ་གསོའི་ཟུར་ཁྲིད་སློབ་ཁྲིད་སོགས་ཀྱི་གོ་སྐབས་སྤྱད་དེ། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་དམག་ཨུད་ཀྱི་གཏན་འབེབས་དོན་ཚན་བཅུ་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ། ཏང་ཨུད་དང་རྒྱུན་ཨུད་ཀྱི་ཚན་ཁག་དང་ལས་ཁུངས་ཚན་པ་ཡིས“རྒྱུན་ཨུད་གཅིག་གིས་ཡིང་ཤོག་གཅིག་ལ་རོགས་རམ་བྱེད་པ་དང་། ཚན་པ་གཅིག་གིས་ལེན་ཤོག་གཅིག་ལ་སྣེ་ཁྲིད་བྱེད་པའི”བྱ་ཐབས་གཞིར་བཟུང་འབྲེལ་མཐུད་དང་རོགས་སྐྲུན་བྱས་ཐོག ཏང་ཀྲི་པུའུ་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱེད་པ་དང་། དཔོན་དམག་གི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་བྱེད་པ། སྤྱོད་ཚུལ་ལེགས་གཏོང་དང་། ཁུར་པོ་ཡང་གཏོང་། ཕན་འབྲས་ཆེར་གཏོང་སོགས་ཀྱི་ཐད་བྱེད་ཐབས་དངོས་བཏོན་ནས་གཞི་རིམ་འཛུགས་སྐྱོང་གི་གསོན་ཤུགས་སྔར་བས་འཕེལ་བར་བྱས་ཡོད།

    དཔུང་སྡེ་དེའི《རྩ་འཛིན་ལྟར་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ལས་ཀའི་འཆར་གཞི》དང《གཞི་རིམ་གྱི་དཀའ་ངལ་སེལ་བ་དང་བྱ་བ་དངོས་སྒྲུབ་པའི་གསལ་ཐོ》ལ་ལྟ་སྐབས། ཐོག་མར་མཐོང་བ་ནི་དཔོན་དམག་གི་དམག་སྦྱོང་ཆ་རྐྱེན་ལེགས་སུ་གཏོང་བ་དེ་ཡིན་པ་དང་གླེང་མང་ཤོས་ནི་དཔོན་དམག་གི་དངོས་ཡོད་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན་ཞིང་། ཞིབ་ཕྲའི་བྱེད་ཐབས་ཁག་རེ་རེའི་དོན་འཁྱོལ་གྱི་བླང་བྱ་དང་། ལེགས་གྲུབ་ཀྱི་དུས་ཚད། རྗེས་སྙེག་འགན་ཁུར་བ་སོགས་ཀྱི་ཆ་འཕྲིན་ཧ་ཅང་ཁ་གསལ་པོ་ཡོད།

    དཔུང་སྡེ་དེའི་ཏང་ཨུད་ཚན་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་གི་ནང་དོན་དང་ཞིབ་བསྡུར་བྱས་ཏེ། འཐབ་ས་དང་པོར་བསྐྱོད་དེ་བརྟག་ཞིབ་དང་ཕྱོགས་སྡོམ་བྱས་པ་དང་། དཀའ་སེལ་དབུལ་རོགས་ཀྱི་འགན་འཁྲིའི་ལམ་ལུགས་བཟོས་པ་དང་དོན་འཁྱོལ་བྱས་པ། རང་འགུལ་ངང་དཔོན་དམག་ལ་བྱ་བ་དངོས་གཅིག་ནས་གཉིས་བར་ཡག་པོ་བསྒྲུབ་རྒྱུའི་ཁས་བླངས་པ། ལས་ཁུངས་ཀྱིས་སྔོན་དཔག་བྱས་ན་ལོ་ཧྲིལ་པོར་བྱ་བ་དངོས་ཁག་19བསྒྲུབ་རྒྱུ་མ་ཟད། ད་དུང་དམག་དཔུང་སྟོབས་ལྡན་དྲ་བར་བརྟེན་ནས“ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན”སློབ་སྦྱོང་གི་ཆེད་བསྒྲིགས་ལེ་ཚན་བཏོད་དེ་དུས་ཐོག་ཏུ་གཞི་རིམ་གྱི་བསམ་འཆར་འཚོལ་བསྡུ་བྱས་ནས། ལས་སྟེགས་ཤར་གཏོང་བྱེད་ཚད་དང་། དུས་ཐོག་ཏུ་ལན་འདེབས་ཚད། ལས་དོན་ལེགས་གྲུབ་བྱེད་ཚད་བཅས“100%གསུམ”གྱི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱས་པ་རེད།

    གཞན་ཡང་དཔུང་སྡེ་དེའི་ཏང་ཨུད་ཀྱིས་ད་དུང་ཁུར་པོ་ཡང་གཏོང་ལས་དོན་ཚོགས་ཆུང་ཆེད་མངགས་བཙུགས་ཏེ། རིགས་ཁག་གི་ཚོགས་འདུ་དང་། ཡིག་ཆ་དང་གློག་འཕྲིན། ཞིབ་བཤེར་སོགས་ཁག་32ཉུང་འཕྲི་དང་ཟླ་སྒྲིལ་བཏང་བས་གཞི་རིམ་གྱིས་རང་རྟོགས་ངང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་བར་མཐོངས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    ཏང་ཨུད་ཀྱིས་ལྷག་བསམ་རྣམ་དག་ངང་གཞི་རིམ་ལ་དམ་འཛིན་བྱས་ཏེ་འབྲེལ་མཐུད་རོགས་སྐྲུན་གྱིས་གྲུབ་འབྲས་དངོས་ཐོབ་པར་བྱས་ཤིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་བསྟུན་ནས། དཔུང་སྡེ་དེས་ཞིབ་འཇུག་རྣམ་པ་དང་། གནད་སྨིན་རང་བཞིན། ཐད་མཐོང་རང་བཞིན་བཅས་ཀྱི་ལས་ཀའི་བསམ་ཕྱོགས་དར་སྤེལ་ཤུགས་ཆེན་བཏང་བས། གསར་གཏོད་ལ་མཐུན་རྐྱེན་སྦྱོར་བ་དང་གཞི་རིམ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཟླ་བ་དྲུག་པའི་ཟླ་སྟོད་དུ་དཔུང་སྡེ་དེས་ཡངས་པ་ཅན་གྱི་ས་ཁོངས་ཞིག་ཏུ་ཕྱི་རོལ་དམག་སྦྱོང་ཕྱོགས་ཡོངས་ནས་བྱས་ཏེ། འཐབ་འཛིང་པ་ཚོ་དང་མཉམ་དུ་གུར་རྒྱག་པ་དང་། ས་ཆ་ཁོད་སྙོམས་པོ་བཟོ་བ། འཐབ་རྩལ་སྦྱོང་བརྡར་བཅས་བྱས་པས། ཚང་མར་ལྕག་སྐུལ་ཆེན་པོ་ཐེབས་པ་དང་གངས་ལྗོངས་ས་མཐོར་ལས་སྒྲུབ་ལས་གཏོད་བྱེད་པའི་སྤྲོ་སེམས་སྐུལ་སློང་ཐུབ་སྟེ་དམག་སྦྱོང་དམག་གྲབས་ཀྱི་ཚ་རླབས་ཤིག་རྒྱུན་མཐུད་འཕྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།