དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་ཐོབ་སྣང་ཆེ་རུ་ཕྱིན་པ།

    རང་ལྗོངས་ཀྱིས་སྲིད་འཛིན་བསྐྱར་གྲོས་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-08

    གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་ཚུན། རང་ལྗོངས་ཀྱིས་བཅའ་ཁྲིམས་སློབ་སྦྱོང་དང་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་ནས་འགོ་བཙུགས་ཏེ། རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད། 2024ལོར“སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་དྲིལ་བསྒྲགས་ཟླ་བ”དང་། སྲིད་འཛིན་བསྐྱར་གྲོས་སྒོ་འབྱེད་ཉིན་མོ། ལས་ཁུངས་དང་། གྲོང་ཚོ། སྡེ་ཁུལ། ཁེ་ལས། དྲ་རྒྱ་སོགས་སུ་གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་དྲིལ་བསྒྲགས་ཀྱི་བྱེད་སྒོ་བཅས་གནད་སྨིན་སྤེལ་ཡོད། རིམ་རྩིས་བརྒྱབ་ན། ལྗོངས་ཡོངས་སུ་སྲིད་འཛིན་བསྐྱར་གྲོས་དྲིལ་བསྒྲགས་ཐེངས་360ལྷག་ཙམ་དང་། སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ཀྱི་དྲིལ་བསྒྲགས་བརྙན་ཐུང་དུས་ཐེངས་11པར་ལེན་བྱས་ནས་ཁྱབ་བསྒྲགས་བྱས་པ། ཚགས་པར་དང་དྲ་རྒྱའི་མཐའ་སྣེ་སོགས་སྨྱན་སྦྱོར་སྟེགས་བུའི་ཐོག་དྲིལ་བསྒྲགས་ཐེངས་400ལྷག་ཙམ་བཅས་བྱས་པ་བརྒྱུད་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་མི་སེམས་སུ་གཏིང་ཟབ་ཟུག་ཡོད།

    2024ལོའི་ཚུན་དུ། རང་ལྗོངས་ཀྱིས་སྲིད་འཛིན་བསྐྱར་གྲོས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཞིང་། མིག་སྔར་རང་སྐྱོང་ལྗོངས་རིམ་པ་དེ་ག་དང་གྲོང་ཁྱེར(ས་ཁུལ)7གྱིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་སྲིད་འཛིན་བསྐྱར་གྲོས་གཞུང་ལས་ཁང་སྒོ་བྱང་བཀལ་ནས་བཙུགས་པ་དང་། གྲོང་ཁྱེར(ས་ཁུལ)7གྱི་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་དུ་སྲིད་འཛིན་བསྐྱར་གྲོས་དང་ཞུ་གཏུག་དང་ལེན་ཚན་ཁག་ལོགས་སུ་བཙུགས་པ། རང་སྐྱོང་ལྗོངས་རིམ་པ་དེ་གའི་སྲིད་འཛིན་བསྐྱར་གྲོས་སྒྲིག་ཁོངས་5ནས་9བར་མང་དུ་བཏང་ཡོད། དེ་བཞིན་སྲིད་འཛིན་བསྐྱར་གྲོས་ཨུ་ཡོན་ལྷན་ཁང་གི་རིགས་གཅིག་མཁས་ཅན་གྱི་མཛོད་བཙུགས་པ་དང་། སྲིད་འཛིན་བསྐྱར་གྲོས་ཀྱི་ལས་དོན་རྙོག་སླ་ཁག་བགོས་དང་། འདུམ་འགྲིག བསམ་འཆར་ཉན་འཇོག ཟུར་ཉན་སོགས་ཀྱི་ལེ་ལག་ཚང་བའི་ལམ་ལུགས་10ལྷག་ཙམ་གཏན་འཁེལ་བྱས་པ། གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་དང་མི་མཐུན་པའི་སྲིད་གཞུང་གི་སྒྲིག་སྲོལ་12བཟོ་བཅོས་བརྒྱབ་ནས་ཁྱབ་བསྒྲགས་བྱས་ཏེ། གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ཕྱོགས་ཡོངས་དང་། གནད་འཁེལ། ནུས་ལྡན་བཅས་ཀྱི་སྒོ་ནས་ལག་བསྟར་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།

    2024ལོའི་ཚུན་དུ་རང་ལྗོངས་ཀྱིས་སྲིད་འཛིན་བསྐྱར་གྲོས་བྱས་ནས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱ་རྒྱུའི་ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་ཞིང་། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་བསྐྱར་གྲོས་གྱོད་གཞི་ཁྲིམས་ལྟར་བསྒྲུབས་ཏེ། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་རྩོད་གཞི་ནུས་ལྡན་སེལ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱེད་པ། སྲིད་འཛིན་ལས་ཁུངས་ཀྱིས་དྲང་གཞག་དང་ཡ་རབས་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བར་སྐུལ་འདེད་བཅས་བཏང་ནས། ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་དྲང་གཞག་དང་། གཞུང་དྲང་། ཁ་གསལ་བཅས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ཡོད།

    2024ལོར་ལྗོངས་ཡོངས་ཀྱིས་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་བསྐྱར་གྲོས་གྱོད་གཞི་105གསར་དུ་བསྡུས་པ་དང་། གྱོད་གཞི་92བདག་སྤྲོད་བྱས་པ། གྱོད་གཞི་83འདྲི་གཅོད་མཇུག་འགྲིལ་ཡོད། དེའི་ནང་འདུམ་འགྲིག་རྣམ་པའི་ཐོག་ནས་གྱོད་གཞི་27གྱི་གྱོད་མཇུག་འགྲིལ་བ་དང་འདུམ་འགྲིག་བྱེད་ཚད་32.5%ཟིན་པ་དང་། སྒྱུར་བཅོས། ཕྱིར་འཐེན། ཁྲིམས་དང་འགལ་བ་གཏན་འཁེལ། ལག་ལེན་བཀའ་འབེབས་སོགས་ཀྱི་རྣམ་པའི་ཐོག་ནས་གྱོད་གཞི་17གྱི་ནོར་འཁྲུལ་ཐད་ཀར་ཡོ་བསྲང་བྱས་པ་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཚད་20.5%ཟིན་ནས་ཁེ་ལས་ལ་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་1570ལྷག་ཙམ་གསབ་ཡོད།

    2024ལོར་རང་སྐྱོང་ལྗོངས་རིམ་པ་དེ་གས་སྲིད་འཛིན་བསྐྱར་གྲོས་གྱོད་གཞི་ཁྱོན་21འདུམ་འགྲིག་བྱས་ནས་འདུམ་འགྲིག་ཐུབ་ཚད་21.6%ཟིན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་སྲིད་འཛིན་བསྐྱར་གྲོས་གྱོད་གཞི་ཁྱོན་བསྡོམས་124འདུམ་འགྲིག་བྱས་པ་དང་འདུམ་འགྲིག་ཐུབ་ཚད་17.7%ཟིན་ཡོད། དེ་2023ལོའི་དུས་མཚུངས་དང་བསྡུར་ན་ལྗོངས་ཡོངས་ཀྱི་ལོ་འཁོར་མོའི་འདུམ་འགྲིག་ཐུབ་ཚད་བརྒྱ་ཆའི་གྲངས་4.2མཐོ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།