དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་ལྗོངས་ཀྱིས“བདེ་འཇཌ་དྲིལ་བསྒྲཌ་དང་བློ་འདྲིའི་ཉིན་མོའི”ཁྲོམ་གཞུང་གཅིག་གི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-08

    ཉེ་ཆར། རང་སྐྱོང་ལྗོངས་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་དང་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་གཙོ་གཉེར་བྱས་པའི་2025ལོའི“བདེ་འཇགས་དྲིལ་བསྒྲགས་དང་བློ་འདྲིའི་ཉིན་མོའི”ཁྲོམ་གཞུང་གཅིག་གི་བྱེད་སྒོ་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་སྤེལ་བ་དང་། ད་ལོའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“མི་ཚང་མས་བདེ་འཇགས་ལ་སྣང་ཆེན་བྱེད་པ་དང་། མི་ཚང་མས་འཕྲལ་སྡོམ་ཤེས་པ། ཉེ་འགྲམ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འཚོལ་བ”དེ་རེད།

    ད་དུང་གསར་འགོད་པས་ཤེས་རྟོགས་བྱུང་བར། བྱེད་སྒོ་སྤེལ་རིང་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་བཅས་ཀྱི་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པས་བློ་འདྲིའི་འགྲེམས་སྟེགས་འཛུགས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ཉེན་བརྡའི་སློབ་གསོའི་གློག་བརྙན་སྟོན་པ་སོགས་ཀྱི་བྱ་ཐབས་བརྒྱུད་ས་གནས་ས་ཐོག་ཏུ་དྲིལ་བསྒྲགས་དང་། བློ་འདྲིའི་ཞབས་ཞུ། ཉམས་མྱོང་སྤེལ་རེས་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་། འཕྲལ་སྡོམ་ཉེན་གཡོལ་བདེ་འཇགས་ཤེས་བྱ། རང་སྐྱོབ་དང་སྐྱོབ་རེས་བྱ་ཐབས་བཅས་དྲིལ་བསྒྲགས་བྱས་པ་དང་འབྲེལ། སྤྱི་དམངས་ཀྱིས་དོ་ཁུར་བྱེད་པའི་བདེ་འཇགས་ཐོན་སྐྱེད་ཀྱི་འབྲེལ་ཡོད་གནད་དོན་ལ་དུས་ཐོག་ཏུ་ལན་བཏབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།