དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ཀྱི་བརྟག་ཞིབ་ཚོགས་ཆུང་ས་ཆ་མང་པོར་རྟོག་ཞིབ་སློབ་སྦྱོང་ལ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-08

    རང་སྐྱོང་ལྗོངས་ཀྱི་བཅའ་ཁྲིམས་རོགས་སྐྱོབ་ལས་ཁུངས་སླར་གསོ་འཛུགས་སྐྲུན་དང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི“ལས་སྟེགས་ཆེན་པོ་གསུམ”གྱི་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར་རང་སྐྱོང་ལྗོངས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ཀྱིས་ཆེད་དོན་བརྟག་ཞིབ་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་ཀོང་ཏུང་དང་། ཀོང་ཤིས། ནང་སོག་སོཌ་ཞིང་ཆེན་དང་རང་སྐྱོང་ལྗོངས་སུ་སློབ་སྦྱོང་དང་རྟོག་ཞིབ་ལས་དོན་སྤེལ་ནས་བཅའ་ཁྲིམས་རོགས་སྐྱོབ་ལས་ཁུངས་འཛུགས་སྐྲུན་དང་དེ་བཞིན་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི“ལས་སྟེགས་ཆེན་པོ་གསུམ”གྱི་གཉེར་སྐྱོང་དོ་དམ་བྱེད་པའི་སྔོན་ཐོན་ས་ཁུལ་གྱི་གསར་གཏོད་ཉམས་མྱོང་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་གཏིང་ཟབ་བྱས་པ་རེད།

    ད་རེས་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་། བཞུགས་མོལ་བགྲོ་གླེང་། དཔྱད་གཞིའི་ཡིག་ཆ་ལྟ་བ་སོགས་བརྒྱུད་ས་གནས་ཁག་གི་བཅའ་ཁྲིམས་རོགས་སྐྱོབ་ལས་ཁུངས་ཀྱིས་རྩ་འཛུགས་ཀྱི་སྒྲོམ་གཞི་འཛུགས་པ་དང་། མི་སྣ་བཀོད་སྒྲིག་བྱེད་པ། འགྲོ་གྲོན་འགན་སྲུང་བྱེད་པ། ཞབས་ཞུའི་ལམ་སྲོལ་སོགས་ཐད་ལག་ལེན་བྱེད་སྟངས་ལ་གཙོ་གནད་ཐོག་དབྱེ་ཞིབ་བྱས་ཡོད། དེ་དང་ཆབས་ཅིག་12348ཁྲིམས་ལུགས་དྲ་རྒྱའི་ནུས་པ་རིམ་སྤོར་དང་། དྲ་ཐོག་དང་དྲ་ཕྱིའི་མཐུན་སྦྱོར་ལམ་སྲོལ། རིག་ནུས་ཞབས་ཞུ་བཀོལ་སྤྱོད་སོགས་ཁྱབ་ཁོངས་ལ་དམིགས་ཏེ་ས་གནས་ཁག་གིས་བཅའ་ཁྲིམས་བློ་འདྲིའི་ལས་ཕྱོད་ཆེ་རུ་གཏོང་བ་དང་། སྤྱོད་མཁན་གྱི་ཉམས་ལེན་ལེགས་སུ་གཏོང་བ། ལག་རྩལ་གྱི་མཐུན་རྐྱེན་སྦྱོར་བའི་ཞབས་ཞུ་སོགས་ཐད་ཀྱི་སྔོན་ཐོན་བྱེད་སྟངས་ལ་སློབ་སྦྱོང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།