བདེ་འཇགས་སྲུང་སྐྱོང་ཤེས་བྱ་དྲིལ་བསྒྲགས་བྱེད། དུས་བདེ་བདེ་སྐྱིད་ཁྱིམ་གཞིས་མཉམ་དུ་བསྐྲུན།
སྡེ་ཁུལ་གྱི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ནུས་པ་ཆེ་རུ་དང་གྲོང་མིའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་སྤྱི་ཚོགས་ལས་དོན་པུས་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་དང་མཉམ་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཤོངས་དགའ་སྡེ་ཁུལ་དུ“བདེ་འཇགས་སྲུང་སྐྱོང་ཤེས་བྱ་དྲིལ་བསྒྲགས་བྱེད། དུས་བདེ་བདེ་སྐྱིད་ཁྱིམ་གཞིས་མཉམ་དུ་བསྐྲུན”གྱི་འཕྲལ་སྡོམ་རོགས་སྐྱོབ་དང་བླངས་ཞབས་ཞུའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། འདི་ནི་མེ་ཟོན་རོགས་སྐྱོབ་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།