ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་པ་ལས་དང་པོ་བ་དང་ཉེན་རྟོག་པའི་གོ་ཐོབ་རིམ་སྤོར་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ།
ཉེ་ཆར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་པ་ལས་དང་པོ་བ་དང་ཉེན་རྟོག་པའི་གོ་ཐོབ་རིམ་སྤོར་གསོ་སྦྱོང་འཛིན་གྲྭ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་ཤིས་ཨན་ཁྲིམས་འཛིན་ཉེན་རྟོག་པའི་ཡན་ལག་ཁང་དུ་སློབ་འགོ་ཚུགས་ཤིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་ནས་ཡོང་བའི་ཁྲིམས་འཛིན་ཉེན་རྟོག་པ་ཁྱོན་78ད་ཐེངས་ཀྱི་གསོ་སྦྱོང་ལ་ཞུགས་ཡོད་པ་རེད།