དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རིག་དཔལ་དར་བའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-08

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་དཔེ་མཛོད་ཁང་ལེགས་རྩེ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི“སྤྲིན་རུམ་དཔེ་ཁང”གི་ཡན་ལག་ཁང་དངོས་སུ་སྒོ་ཕྱེ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། “སྤྲིན་རུམ་དཔེ་ཁང”གི་ཡན་ལག་ཁང་དུ་ཁྱོན་དཔེ་དེབ་20000ལྷག་བསྡུ་ཉར་བྱས་ཡོད་པ་མ་ཟད། གློག་རྡུལ་ལྟ་ཀློག་དང་། དཔེ་ཀློག་བྱེད་སྒོ། བྱིས་པའི་རི་མོའི་སྒྲུང་དེབ། དབྱིན་ཡིག་དང་བོད་ཡིག་སློབ་སྦྱོང་སོགས་ཁྱད་ལྡན་བྱེད་ནུས་ཁུལ་དང་། ལྟ་ཀློག་ཡོ་ཆས་དང་བཤེར་ཆས་སོགས་དཔེ་དེབ་དོ་དམ་སྒྲིག་ཆས་ཀྱང་ཡོད་པས། ཕྱོགས་བསྡུས་ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཏེ་ལེགས་རྩེ་འགག་སྒོའི་ལས་བྱེད་མང་ཚོགས་ཚོའི་ལྟ་ཀློག་དགོས་མཁོ་ནུས་ལྡན་བསྐངས་པ་མ་ཟད། གཞི་རིམ་གྱི་ལས་བྱེད་མང་ཚོགས་ཚོར་དེ་བས་སྟབས་བདེ་དང་སྤུས་ལེགས་ཀྱི་རིག་གནས་ཞབས་འདེགས་ཀྱང་ཞུས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།