དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་ཕྱོགས་མང་པོའི་འགན་སྲུང་ཆེད་ལས་ལ་དཔྱད་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-02

    འདི་ནི་དཔུང་སྡེ་དེའི་ཅུན་ཧྲི་སྒྲིག་ཆས་ཉམས་གསོའི་དཔྱད་ཞིབ་ལ་ཞུགས་བཞིན་པ།

    འདི་ནི་དཔུང་སྡེ་དེའི་ཅུན་ཧྲི་སྣུམ་རྒྱུ་ཆེད་ལས་ཀྱི་དཔྱད་ཞིབ་ལ་ཞུགས་བཞིན་པ།

    བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་གཞི་རྒྱུ་ཡོངས་དང་ཕྱོགས་མང་པོའི་འགན་སྲུང་ཆེད་ལས་ཀྱི་དཔྱད་ཞིབ་ཅིག་ས་བབ་སྨི་3600ཡོད་པའི་ས་མཐོའི་ལྟེ་བར་བྱེད་འགོ་ཚུགས་ཤིང་། སྒྲིག་ཆས་ཉམས་གསོ་དང་། རྨས་མ་སྐྱོབ་བཅོས། དབོར་འདྲེན་སྐྱེལ་སྤྲོད་སོགས་ཆེད་ལས་ཁྱབ་ཁོངས་11ནས་ཡོང་བའི་རྐང་འཛིན་སྟོབས་ཤུགས་བརྒྱ་ཙམ་གྱིས་དངོས་འཐབ་དང་འདྲ་བའི་ཁོར་ཡུག་ཁྲོད་ནས“ཕྱོགས་གསུམ་གཞི་གཅིག”གི་ཕྱོགས་བསྡུས་དཔྱད་ཞིབ་དང་ལེན་བྱས་པ་རེད།

    དཔུང་སྡེ་དེའི་འགོ་ཁྲིད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་དཔྱད་ཞིབ་ནང་རིགས་པའི་གཞུང་ལུགས་ཀྱི་ཡིག་རྒྱུགས་དང་། དངོས་སྦྱོང་ནང་སྦྱོང་། རྒྱུན་གཏན་གྱི་ཚོད་སྐོར་བཅས་ཚུད་པའི་ཕྱོགས་བསྡུས་དཔྱད་ཞིབ་མ་ལག་བཙུགས་པ་མ་ཟད། དཔྱད་ཞིབ་བྱས་འབྲས་ཐད་ཀར་འགན་སྲུང་ཤེས་ལྡན་པའི་གྲངས་གཞིའི་མཛོད་ནང་བཅུག་ནས་ཆེད་ལས་རིམ་པ་ཞིབ་དཔྱད་གཏན་འཁེལ་དང་ལས་འགན་འཁུར་བའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།