དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཁྲིམས་སྐྱོང་ལ་བརྟེན་ནས་ན་སོ་དར་ལ་མ་བབས་པའི་མི་འཚར་ལོངས་ལ་རམ་འདེགས་བྱས་པ།

    ​—— རྣམ་གླིང་རྫོང་མི་དམངས་ཁྲིམས་ཁང་གིས་ན་སོ་དར་ལ་མ་བབས་པའི་མིར་ཁྲིམས་འཛིན་གྱིས་སྲུང་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-01

    རྣམ་གླིང་རྫོང་མི་དམངས་ཁྲིམས་ཁང་གིས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་འདྲི་གཅོད་ཉམས་མྱོང་ཕུན་སུམ་ཚོགས་ལ། སློབ་གསོ་རྒྱག་མཁས་པའི་བུད་མེད་ཁྲིམས་དཔོན་བདམས་ཏེ་ཤངས་པའི་བུད་མེད་མཉམ་གྲོས་ཁྲིམས་ར་བཙུགས་ནས་བུད་མེད་ཀྱི་ཞིབ་ཚགས་ལ་གཞན་ལ་བསམ་ཤེས་ཐུབ་པའི་ལེགས་ཆ་བཏོན་ཏེ། “འཇམ་ཐབས་ཀྱི་ཁྲིམས་འཛིན”ལ་བརྟེན་ནས་ན་སོ་དར་ལ་མ་བབས་པའི་མིའི་གྱོད་གཞི་དང་འགལ་བ་ཐག་གཅོད་བྱས་ཤིང་། ཁྱིམ་དོན་གྱི་རྩོད་གཞི་ཞིབ་གཅོད་བྱེད་སྐབས། ན་སོ་དར་ལ་མ་བབས་པའི་མིའི་སེམས་ཁམས་བདེ་ཐང་ལ་གཙོ་གནད་ཐོག་དོ་ཁུར་བྱས་ནས། ཆེད་ལས་ཀྱི་ཁྲིད་སྟོན་བརྒྱུད་ཁྱིམ་ཚང་གི་འགལ་བ་ལས་སེམས་ཁམས་ལ་ཤུཌ་རྐྱེན་ཐེབས་པའི་བྱིས་པ་15ཡི་སེམས་ཁམས་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ་ཁོང་ཚོར་འཚོ་བར་ལྟ་སྟངས་ཡག་པོ་འཛིན་དགོས་པའི་ཁྲིད་སྟོན་བྱས་པ་རེད།

    དུས་བཀག་ལྟར་ལས་སྒོའི་བགྲོ་གླེང་དང་དཔེ་མཚོན་གྱོད་དཔེ་ལ་དབྱེ་ཞིབ་བྱས་པ་བརྒྱུད། མཉམ་གྲོས་ཁྲིམས་རས་འདྲི་གཅོད་ཀྱི་ཆེད་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། ཉེ་བའི་ལོ་གསུམ་རིང་། རིམ་རྩིས་བརྒྱབ་ན། ན་སོ་དར་ལ་མ་བབས་པའི་མི་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁག་15བདག་སྤྲོད་བྱས་པའི་ནང་གྱོད་གཞི་ཁག་13གྱོད་ཐག་བཅད་པས་གྱོད་ཐག་ཆོད་ཚད་86.6%ཟིན་ཡོད།

    རྣམ་གླིང་རྫོང་མི་དམངས་ཁྲིམས་ཁང་གིས་སློབ་གྲྭ་དང་སྤྱི་ཚོགས་ཀྱི་མཐུན་སྦྱོར་ལམ་སྲོལ་ཧུར་ཐག་བཙུགས་ནས། གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་དྲ་བ་ཚགས་དམ་དུ་བཏང་ཡོད། ཁྲིམས་ཁང་དང་རྫོང་སློབ་གསོ་ལུས་རྩལ་ཅུས་དབར་མཉམ་ལས་བྱེད་ཟབ་ཏུ་བཏང་ནས། ཁྲིམས་སྐྱོང་གི་སློབ་སྤྱི་གཞོན་པའི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་ཁྲིམས་དཔོན་དང་ལས་བྱེད་ཉེན་རྟོག་པ་སློབ་གྲྭར་ཁྲིམས་སྐྱོང་སློབ་གསོ་སྤེལ་བར་རྟག་ཏུ་བཏང་བ་རེད། གྱོད་དཔེ་ངོ་མ་བསླབ་གཞིར་བྱས་ཏེ། བཅའ་ཁྲིམས་ཤེས་བྱ་གསོན་ཉམས་དོད་པོས་ཁྱབ་གདལ་ཐུབ་པར་བྱས་ཡོད། གཞིས་ལུས་བྱིས་པར་དམིགས་ཏེ་ཆ་སྒྲིག་རོགས་སྐྱོར་འཆར་གཞི་ལག་བསྟར་བྱེད་པ་དང་། དུས་བཀག་ནང་ཁྱིམ་ཚང་དུ་འཚམས་འདྲི་དང་། སེམས་ཁམས་ཁྲིད་སྟོན། ཁྲིམས་སྐྱོང་ཟུར་ཁྲིད་སོགས་ཀྱི་བྱ་ཐབས་སྤྱད་དེ་ན་སོ་དར་ལ་མ་བབ་པའི་མི་འཚར་ལོངས་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱས་ཏེ“ཁྲིམས་ཁང་དང་། སློབ་གྲྭ ཁྱིམ་ཚང”བཅས་ཕྱོགས་གསུམ་གཞི་གཅིག་གི་ཁྲིམས་སྐྱོང་སློབ་གསོའི་མ་ལག་བཙུགས་ཡོད།

    དུས་ཆེན་དང་མཚམས་ཚིགས་གལ་ཆེན་སྐབས་བྱེད་སྒོ་སྤེལ་ནས་ཁྱིམ་ཚང་གི་ཁྲིམས་སྐྱོང་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་ཡོད། རྣམ་གླིང་རྫོང་མི་དམངས་ཁྲིམས་ཁང་གིས་དཔྱིད་གསར་དུས་ཆེན་དང་། བུད་མེད་དུས་ཆེན། ངལ་རྩོལ་དུས་ཆེན་སོགས་དུས་ཆེན་དང་ངལ་གསོ་གོ་སྐབས་སུ་བྱས་ནས། ཆེད་ལས་ཁྲིམས་ལུགས་ཁྱབ་གདལ་ཚོགས་པ་བཙུགས་ཏེ་ཁྱིམ་ཚང་གི་སློབ་གསོར་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ལ་དམིགས་ནས་ཆེད་དོན་འཆད་ཁྲིད་དང་སྐོར་སྐྱོད་སྒྲོག་འགྲེལ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་ཁྲིམས་སྐྱོང་དྲིལ་བསྒྲགས་རྫོང་ཡོངས་ཀྱི་ལས་ཁུངས་དང་ཚན་པ་དང་། སློབ་གྲྭ ཤང་དང་གྲོང་རྡལ། གྲོང་ཚོ་ཨུ་ལྷན་བཅས་སུ་ཁྱབ་པར་བྱས་ཡོད། བུ་ཕྲུག་ལ་བཅའ་ཁྲིམས་ཤེས་བྱ་སློབ་པའི་འདུ་ཤེས་ཁྱབ་གདལ་བཏང་སྟེ་ཁྱིམ་ཚང་གི་ཁྲིམས་སྐྱོང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ཡོད།

    ཉེ་བའི་ལོ་གསུམ་རིང་། རིམ་རྩིས་བརྒྱབ་ན། ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོ་ཐེངས་23སྤེལ་བ་དང་། དྲིལ་བསྒྲགས་དཔྱད་གཞི་8000ལྷག་ཙམ་སྤྲད་པ། དགེ་སློབ་དང་ཁྱིམ་བདག་མི་ཐེངས་8000ལྷག་ཙམ་ལ་ཕན་བཏགས་ནས་ཁྱིམ་ཚང་གི་ཤེས་དཔལ་འཛུགས་སྐྱོང་དང་། གཞི་རིམ་བཅོས་སྐྱོང་། ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བཅས་ལ་ཁྲིམས་སྐྱོང་གི་སྒུལ་ནུས་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།