ཉིང་ཁྲི་གྲོང་ཁྱེར་གྱི་ལས་ཞུགས་བོད་སྐྱོར་གྱི་ལས་བསྡུའི་འདུ་ཚོགས་འཚོགས་པ།
ཉེ་ཆར། ཀོང་ཏུང་ཞིང་ཆེན་ལས་ཞུགས་ཞབས་ཞུ་དོ་དམ་ཅུས་ཀྱིས་ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་དང་མཉམ་དུ་བོད་ལྗོངས་སློབ་ཆེན་རྔ་ཆེན་སློབ་ཁུལ་དུ“ལས་རིགས་ཀྱིས་འབྱུང་འགྱུར་ལ་སྣེ་ཁྲིད་བྱེད། སློབ་གྲྭར་ཕུགས་འདུན་མངོན་འགྱུར་ཧུར་ཐག་བྱེད—2025ལོའི་ཉིང་ཁྲི་གྲོང་ཁྱེར་གྱི་ལས་ཞུགས་བོད་སྐྱོར(བོད་ལྗོངས་སློབ་ཆེན)གྱི་ཆེད་དོན་ལས་བསྡུའི་འདུ་ཚོགས”འཚོགས་པ་རེད།
ལས་བསྡུའི་འདུ་ཚོགས་ཐོག་ཀོང་ཏུང་ཞིང་ཆེན་གྱི་སྤུས་ལེགས་ཁེ་ལས་20དང་ལྗོངས་ནང་ཁུལ་གྱི་སྤུས་ལེགས་ཁེ་ལས་45མཉམ་དུ་འཛོམས་ནས། ཐུན་མོང་ཐོག་སློབ་ཐོན་སློབ་མ་ཚོར་ཕུན་སུམ་ཚོགས་པའི་ལས་ཞུགས་གོ་སྐབས་མཁོ་འདོན་བྱས་པ་རེད།
བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ལས་བསྡུའི་འདུ་ཚོགས་འཚོག་པའི་ཉིན་དེ་རང་དུ་ངོ་སྤྲོད་མདོར་བསྡུས་ཁྱོན་455འབྱོར་ཞིང་། དེའི་ནང་དྲ་ཐོག་ནས་བསྐུར་བའི་ངོ་སྤྲོད་མདོར་བསྡུས་254དང་ས་ཡུལ་དངོས་ནས་བསྐྱལ་བའི་ངོ་སྤྲོད་མདོར་བསྡུས་201ཡོད་པ་དང་། མི་34ལ་ལས་ཞུགས་འདོད་མཐུན་རགས་ཙམ་བྱུང་ཡོད་པ་རེད།