“དངུལ་ཁུག་བསྲུངས་ནས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ལ་སྲུང་སྐྱོང་ཡག་པོ་བྱེད་པ”
འདི་ནི་གྲོང་མིས་དྲིལ་བསྒྲགས་དཔྱད་ཡིག་བལྟས་ནས་ཁྲིམས་འགལ་དངུལ་རྩའི་བྱེད་སྒོ་སྔོན་འགོག་དང་དེར་རྡུང་རྡེག་གཏོང་སྟངས་ཀྱི་འབྲེལ་ཡོད་ཤེས་བྱ་ཤེས་རྟོགས་བྱེད་བཞིན་པ།
མི་དམངས་མང་ཚོགས་ཀྱི་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱ་ཆེད། ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འགལ་རྡུང་རྡེག་གཞུང་ལས་ཁང་གིས་སྣེ་ཁྲིད་དེ་འབྲེལ་ཡོད་ཚན་པ་སྒྲིག་འཛུགས་བྱས་ནས“དངུལ་ཁུག་བསྲུངས་ནས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ལ་སྲུང་སྐྱོང་ཡག་པོ་བྱེད་པ”བརྗོད་དོན་གཙོ་བོར་བྱས་པའི“6·15”ཡི་ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོ་སྔོན་འགོག་བྱེད་པའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་འབྲེལ་ཡོད་ཚན་པ་ཁག་གིས་དཔེ་མཚོན་གྱི་གྱོད་དཔེར་འགྲེལ་བཤད་རྒྱག་པ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ཁྲིམས་འགལ་སྔོན་འགོག་གི་བརྙན་ལམ་སྟོན་པ་སོགས་ཀྱི་བྱ་ཐབས་བརྒྱུད། འགྲོ་འོང་བྱེད་མཁན་མང་ཚོགས་ལ་ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོའི་གནོད་འཚེ་དྲིལ་བསྒྲགས་བྱེད་པ་དང་། ཚང་མར་བསླུ་བྲིད་ལ་མི་ཚུད་པའི་འབོད་སྐུལ་བྱེད་པ།“གནམ་ནས་བག་ལེབ་ཟགས་མི་སྲིད་པ”དང“ཁེ་བཟང་ཆེན་པོར་ཉེན་ཁ་ཆེན་པོ་ཡོད་པ”སོགས་ཀྱི་གནས་ལུགས་བློ་ལ་བརྟན་པོར་ངེས་སུ་འཇུག་པ། མང་ཚོགས་ལ་རང་འགུལ་ངང་ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོར་མི་ཞུགས་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ། ཐུན་མོང་ཐོག་བདེ་སྐྱིད་ལྡན་པའི་འཚོ་བར་སྲུང་སྐྱོང་བྱས་པ་རེད།