གཉའ་ནང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས།
“ཡིག་ཚགས་ནང་དུ་ཇི་ལྟར་བཤད་འདུག་ཉན་རོགས”ཞེས་པའི་བྱེད་སྒོ་སྤེལ་བ།
འདི་ནི་གཉའ་ནང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་མཐའ་མཚམས་ཞིབ་བཤེར་ས་ཚིགས་ལོ་རྒྱུས་ཁང་གི་སྒོ་འབྱེད་ཉིན་མོར་མང་ཚོགས་ལ་རྒྱལ་སྒོའི་མཐའ་བཤེར་གྱི་ཡིག་ཚགས་འགྲེལ་བཤད་རྒྱག་བཞིན་པ།
ཟླ་6ཚེས་9ཉིན་ནི་རྒྱལ་སྤྱིའི་ཡིག་ཚགས་ཉིན་མོ་ཐེངས་བཅོ་བརྒྱད་པ་རེད་ལ། ཟླ་6ཚེས་9ནས་ཚེས་15ཉིན་བར་ནི་གཅིག་སྡུད་དྲིལ་བསྒྲགས་གཟའ་འཁོར་ཡང་རེད། དེའི་རིང་གཉའ་ནང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས“ཡིག་ཚགས་ནང་དུ་ཇི་ལྟར་བཤད་འདུག་ཉན་རོགས”ཞེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཤིང་། རྣམ་པ་གསར་དུ་བཏོད་དེ་ཐལ་རྡུལ་གྱིས་ཁེངས་པའི་ཡིག་ཚགས་དག་རྒྱལ་སྒོའི་གཏམ་རྒྱུད་བརྗོད་པའི“སྐད་དུང”དུ་འགྱུར་བར་བྱས་ཏེ། རྒྱ་ཆེ་ལ་གཏིང་ཟབ་པའི་ལོ་རྒྱུས་ཀྱི་དྲན་ཤེས་དང་རིག་གནས་ཀྱི་ནང་དོན་མི་སེམས་སུ་ཟུག་པར་བྱས་ནས། “ལོ་རྒྱུས་ཉར་ཚགས་དང་། སྲིད་དོན་སྐྱོང་རོགས། མི་སྣ་གསོ་སྐྱོང”བཅས་བྱེད་པའི་ཐད་ཀྱི་ཡིག་ཚགས་ཀྱི་དུས་རབས་ཀྱི་རིན་ཐང་གསོན་ཉམས་དོད་པོས་མངོན་པར་བྱས་པ་རེད།
“རྒྱལ་སྒོའི་དྲན་ཤེས་ལ་ལྟ། ཡིག་ཚགས་ཀྱི་སྐད་ལ་ཉན”ཞེས་པའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ལོ་རྒྱུས་ཁང་གི་སྒོ་འབྱེད་ཉིན་མོའི་བྱེད་སྒོར་རིམ་རྩིས་བརྒྱབ་ན་མང་ཚོགས་ཁག་ཐེངས་6ལ་སྣེ་ལེན་ཞུས་པ་དང་མི་100ལྷག་གིས་རྒྱལ་སྒོའི་ཡིག་ཚགས་ཀྱི་ཐུན་མིན་གྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱས་པ་རེད།