མངའ་རིས་ཀྱི་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱས་པ།
ཉེ་ཆར་མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་འགྲིམ་འགྲུལ་དོ་དམ་ཡན་ལག་རུ་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ། དམངས་ཡོངས་ཧུར་ཐག་ཞུགས་པ་དང་ཐུན་མོང་འཛུགས་སྐྲུན་དང་བཅོས་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བཏོད་ནས་མངའ་རིས་ས་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་ལས་དོན་ལ་གསོན་ཤུགས་གསར་པ་སྦྱིན་པ་རེད།
བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་མི་འབོར་ཅུང་མང་བའི་དམངས་སྲིད་ཅུས་ཐང་ཆེན་དུ་ཆེད་དམིགས་དྲིལ་བསྒྲགས་ས་ཚིགས་བཙུགས་ནས་ས་གནས་ས་ཐོག་ཏུ་གྲ་སྒྲིག་ཞིབ་ཚགས་བྱས་པའི་བོད་རྒྱ་སྐད་གཉིས་ཤན་སྦྱར་གྱི་དྲིལ་བསྒྲགས་དཔྱད་གཞི་སྤྲད་དེ་ཕར་འགྲོ་ཚུར་འོང་བྱེད་མཁན་གྲོང་མིར་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་གྲོང་མིས་རང་རྟོགས་ངང་འགྲོ་ལམ་འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སྲུང་བརྩི་ཞུ་རྒྱུར་ཁྲིད་སྟོན་བྱས་པ་རེད།
གཞན་ཡང་། མི་དམངས་ཉེན་རྟོག་པས་ད་དུང་མངའ་ཁོངས་སུ་ཉེ་བའི་ལོ་ཤས་རིང་ཐོན་པའི་དཔེ་མཚོན་གྱི་འགྲིམ་འགྲུལ་ལས་འཛོལ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བཅའ་ཁྲིམས་གསལ་འགྲེལ་བརྒྱབ་པ་དང་། ལག་ཁྱེར་མེད་པར་འཁོར་རིགས་གཏོང་བ་དང་། ཆང་བཏུངས་འཁོར་གཏོང་། མི་ཚད་ལས་བརྒལ་བ་དང་མྱུར་ཚད་ལས་བརྒལ་བ། བདེ་སྲུང་ཐག་པ་མ་བཅིངས་པ། སྦག་ཞྭ་མ་གྱོན་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་གནོད་འཚེ་ཚབས་ཆེན་ལ་གསོན་ཉམས་དོད་པོས་དབྱེ་ཞིབ་བྱས་པ་མ་ཟད། ཚང་མར་སྟེས་དབང་གི་བསམ་པ་གཏན་ནས་འཆང་མི་རུང་བའི་ཉེན་བརྡ་བཏང་བ་རེད།