དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་ཁྲེང་ཀོན་ཉང་བྲན་ཁྲོམ་ར་ལྟ་འདོམས་ཁང་གིས་བཟའ་བཅའི་བདེ་འཇགས་འཐེན་བཤེར་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-01

    ཉེ་ཆར་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཉང་བྲན་ཁྲོམ་གཞུང་ཁྲོམ་ར་ལྟ་འདོམས་ཁང་གིས་ཅུས་ཟས་རིགས་ཁོའོ་དང་། ཚེས་གསུམ་ཐང་སྡེ་ཁུལ། ཆུ་མིག་གླིང་སྡེ་ཁུལ་བཅས་དང་མཉམ་དུ་ཉང་བྲན་ཁྲོམ་གཞུང་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དང་ཁྲོམ་གཞུང་གི་བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཞའོ་ལུང་གི་སྣེ་ཁྲིད་འོག ཁོངས་གཏོགས་ཁུལ་གྱི་ཆུང་རྒྱུགས་གཏོང་ས་དང་དེ་བཞིན་མཐའ་འཁོར་གྱི་བཟའ་བཅའ་གཉེར་སྐྱོང་ཚན་པར་བཟའ་བཅའི་བདེ་འཇགས་ཀྱི་ཆེད་དོན་འཐེན་བཤེར་བྱས་པ་རེད།

    ད་ཐེངས་ད་དུང་ལྷ་ས་ཅང་སུའུ་སློབ་འབྲིང་གི་རྒྱུགས་གནས་དང་དེ་བཞིན་མཐའ་འཁོར་གྱི་བཟའ་བཅའ་གཉེར་སྐྱོང་བྱ་ཡུལ་སྣ་ཚོགས་ལ་ཆེད་མངགས་འཐེན་བཤེར་བྱས་པའི་ནང་ཟ་ཁང་དང་། སྒོ་རྩིས་ཚོང་ཁང་ཆུང་གྲས། སྟབས་བདེའི་ཚོང་ཁང་སོགས་ཚུད་ཡོད་པ་རེད། ཁྲིམས་སྒྱུར་མི་སྣས་བཟའ་བཅའི་མ་བཅོས་རྒྱུ་ཆ་ཉོ་ས་དང་། བཟའ་བཅའ་ལས་སྣོན་དང་བཟོ་བའི་བརྒྱུད་རིམ། བཟའ་བཅའ་ཉར་ཚགས་བྱེད་སའི་ཁོར་ཡུག ལས་གཉེར་མི་སྣའི་བདེ་ཐང་དོ་དམ། ལྟོ་སྣོད་དང་ཕོར་པ་སོགས་གཙང་འཁྲུད་དུག་སེལ། དེ་བཞིན་བཟའ་བཅའི་མ་དཔེ་ཉར་འཇོག་སོགས་འགག་རྩའི་ལྷུ་ཚིགས་གཙོ་བོར་བཟུང་ནས་ཞིབ་བཤེར་ནན་པོ་བྱས་པ་མ་ཟད། ས་གནས་ས་ཐོག་ཏུ་ཤ་དང་། སྔོ་ཚལ། ཤིང་ཏོག་སོགས་བཟའ་བཅའི་མ་དཔེ་མང་པོར་སྐབས་བསྟུན་ཞིབ་དཔྱད་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།