དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མང་ཚོགས་ཉེ་འགྲམ་གྱི་གོ་ཆོད་གཞུང་ལས་ཁང་།

    ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-28

    ཀྲའོ་ཧྥང་གིས(འགྱུར་མིང)ད་བར་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་སྲིད་ཁྲིམས་ལས་ཁུངས་ཀྱིས་རྫོང་གྲོང་གི་གཞུང་ལམ་ཨ་མར་གཉེར་བའི་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྒོ་དེ་ད་དུང་གསལ་པོར་ངེས་ཀྱི་ཡོད་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ཧ་ཅང་འཁྲུག་ཆ་དོད་ཅིང་། ལས་གོས་སྔོ་ནག་གྱོན་པའི་ལས་བྱེད་ཉེན་རྟོག་པ་དང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ལས་དོན་པས་འཕྲེད་འགེལ་ཡི་གེ་བསྒར་བ་དང་ས་གནས་ས་ཐོག་ཏུ་དོགས་གནད་ལ་ལན་འདེབས་པའི་རྣམ་པའི་ཐོག་ནས་འཕྱོངས་རྒྱས་རྫོང་གི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་གྱི་དམིགས་ཚད་དང་འདུ་ཤེས་ཕྱོགས་ཡོངས་ནས་མངོན་པ་དང་། བདག་སྤྲོད་དོན་དག་དང་། “གཅིག་འཐུས་རྣམ་པའི”སྒོ་ནས་རྩོད་གཞི་ཐག་གཅོད་བྱེད་པའི་འགན་ནུས་དང་ལས་ཀའི་འགན་འཁྲི་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད།

    “འགལ་བ་དང་རྩོད་གཞི་འཕྲད་ཚེ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་ཕེབས་ཤོག སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་། ཁྲིམས་འཛིན་བཅས་ཀྱིས་མཉམ་དུ་ཁྱེད་རང་གི་དཀའ་གནད་སེལ་ཆོག” ཀྲའོ་ཧྥང་གི་ལག་ཏུ་དྲིལ་བསྒྲགས་ཤོག་ལྷེ་གཅིག་ཁྱེར་ནས་གཞུང་དོན་སྒྲུབ་སའི་སྐར་ཁུང་དུ་བསྐྱོད།

    ཀྲའོ་ཧྥང་ནི་ས་ཆ་གཞན་ནས་ཡོང་བའི་གླ་པ་རྒྱུག་མཁན་ཞིག་ཡིན་པ་དང་འཕྱོངས་རྒྱས་རྫོང་གི་ཨར་སྐྲུན་ཀུང་སི་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་པ་རེད། ཁོ་པར་ལོ་ཕྱེད་ཀྱི་གླ་ཆ་མ་རག་པ་དང་། ཀུང་སི་རྐུབ་བརྡིབས་པ་གོ་ཐོས་བྱུང་རྗེས་དངངས་འཚབ་ཆེན་པོ་ལངས།

    ཕྱོགས་བསྡུས་བདག་སྤྲོད་སྐར་ཁུང་གི་ལས་དོན་པའི་ཁྲིད་སྟོན་འོག་ཀྲའོ་ཧྥང་བཅའ་ཁྲིམས་རོགས་སྐྱོར་སྐར་ཁུང་དུ་ཡོང་ནས་གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་དཔང་ཡིག་བསྟན་པ་མ་ཟད། ཡིག་ཐོག་གི་རེ་ཞུ་ཡང་བྲིས་པ་རེད། ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་བརྒྱུད། ཀྲའོ་ཧྥང་གི་གནས་ཚུལ་དེ་བཅའ་ཁྲིམས་རོགས་སྐྱོར་གྱི་ཆ་རྐྱེན་དང་མཐུན་ཡོད། ལས་རེས་ཁྲིམས་རྩོད་པས་འཕྲལ་མར་ཁོང་ལ་འབྲེལ་ཡོད་དཔང་རྟགས་བསྡུ་རུབ་དང་ལེགས་སྒྲིག་བྱེད་རོགས་བྱས་པ་དང་ཞུ་གཏུག་ཡི་གེའི་འཆར་ཟིན་འགོད་རོགས་བྱས་པ་རེད།

    བཅའ་ཁྲིམས་རོགས་སྐྱོར་རེ་ཞུ་བྱས་པ་ནས་ཁྲིམས་ཁང་གིས་གྱོད་དོན་ཐོ་འགོད་བྱས་པའི་བར་ཆུ་ཚོད་གཅིག་ཀྱང་འགོར་མེད་པ་དང་སྨི་གཉིས་ནང་ཚུན་དུ་ལས་དོན་དེ་དག་ཚང་མ་སྒྲུབ་ཐུབ་ཀྱི་ཡོད་པ་རེད། ཀྲའོ་ཧྥང་དེ་བས་ཧང་སངས་དགོས་པ་ཞིག་ནི་དེའི་རྗེས་ཀྱི་ཁྲིམས་འཛིན་འདུམ་འགྲིག་དང་ཆད་དངུལ་རྩིས་སྤྲོད་བྱེད་པ་དེ་འཕྱོངས་རྒྱས་རྫོང་གི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བདེ་བླག་ངང་ལེགས་གྲུབ་བྱུང་བ་དེ་རེད། གླ་ཆ་རག་རྗེས་ཁོ་པ་དགའ་ཐག་ཆོད་ནས་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་རེད།

    འཕྱོངས་རྒྱས་རྫོང་ནི་བོད་ཀྱི་ཤར་ལྷོའི་རྒྱུད་དང་ཡང་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལྷོ་ངོས་སུ་གནས་ཤིང་། ཉེ་བའི་ལོ་ཤས་རིང“དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང”གི་གཟི་བརྗིད་མཚན་སྙན་ཐེངས་བཞི་བསྟུད་མར་ཐོབ་པ་དང་། “ཁྲང་ཨན་བུམ་པ”ཐེངས་གཉིས་བསྟུད་མར་ཐོབ་པ་རེད། སེམས་ནུས་གཅིག་སྒྲིལ་གྱིས་དུས་བདེ་འཛུགས་སྐྲུན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་ནི་རྫོང་དེའི་སྲིད་ཁྲིམས་ལས་ཁུངས་ཁག་གི་ཐུན་མོང་གི་ངོས་འཛིན་ཞིག་ཡིན་ལ། ཡུན་རིང་མཉམ་ལས་བརྒྱུད་མ་གྲོས་གཅིག་མཐུན་བྱུང་བ་ཞིག་རེད།

    འཕྱོངས་རྒྱས་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལི་ཧྥུང་གིས་ངོ་སྤྲོད་བྱས་དོན། རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་སྔ་རྗེས་སུ་ཚན་པ་ཁག་སྒྲིག་འཛུགས་བྱས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་གི་ཆེད་དོན་སྐུལ་སྤེལ་ཚོགས་འདུ་ཐེངས་7འཚོགས་ཏེ། མི་སྣ་བཀོད་སྒྲིག་ཐད་གཙོ་གནད་སྡེ་ཚན་རྒྱུན་དུ་སྡོད་པ་དང་། སྤྱིར་བཏང་ཚན་པ་རེས་མོས་ཀྱིས་སྡོད་པ། ལས་དོན་དང་འབྲེལ་བ་ཡོད་པའི་སྡེ་ཚན་སྐབས་བསྟུན་གྱིས་སྡོད་པ་བཅས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱ་རྒྱུ་གཏན་འཁེལ་བྱས་ཡོད། སྲིད་ཁྲིམས་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ལས་དོན། མི་སྤྱི་སྡེ་ཚན་སོགས་ཀྱི་ལས་གནས་སུ་མཁོ་བའི་མི་སྣ་13བལྟོས་བཅས་གཏན་འཁེལ་གྱིས་བཅའ་སྡོད་བྱས་པ་རེད།

    དེ་དང་ཆབས་ཅིག ས་ཆ་འདེམས་པའི་ཐད་ཡུལ་བབ་དང་བསྟུན་ནས་འགྲིམ་འགྲུལ་སྟབས་བདེ་དང་། མི་སྣ་འདུ་འཛོམས་ཆེ་བ། དོན་དག་སྒྲུབ་བདེ་བ་བཅས་ཀྱི་ས་ཆ་བདམས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་བཙུགས་ཏེ་མང་ཚོགས་ཉེ་འགྲམ་གྱི་གོ་ཆོད་གཞུང་ལས་ཁང་དངོས་སུ་བཏོད་ཡོད།

    “‘དཀའ་གནད་དང་། དོགས་གནད། རྙོག་འཛིང’བཅས་འཕྲད་སྐབས་ང་ཚོའི་ལས་ཁུངས་ཁག་གི་ལས་དོན་པས་ཧ་རུབ་སྦ་རུབ་ཀྱིས་མང་ཚོགས་ལ་གནད་དོན་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད”ཅེས་འཕྱོངས་རྒྱས་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་དྲུང་ཡིག་ལྷ་མོ་སྒྲོལ་མས་ཁ་གསབ་བྱེད་བཞིན་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།