དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མངའ་རིས་ས་ཁུལ་དུ་བདེ་འཇགས་ཐོན་སྐྱེད་དྲིལ་བསྒྲགས་བློ་འདྲིའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-25

    སྤྱི་དམངས་ཀྱི་བདེ་འཇགས་འདུ་ཤེས་དང་འཕྲལ་སྡོམ་འཇོན་ཐང་སྔར་བས་ཆེ་རུ་གཏོང་ཆེད། ཉེ་ཆར་མངའ་རིས་ས་ཁུལ་གྱིས་2025ལོའི“བདེ་འཇགས་ཐོན་སྐྱེད་ཟླ་བའི”གཅིག་སྡུད་དྲིལ་བསྒྲགས་བློ་འདྲིའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་མངའ་རིས་ས་ཁུལ་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་དང་གཙོ་གནད་ཁེ་ལས་20ལྷག་ཙམ་གྱིས་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་སྤྲོད་པ་དང་། འགྲེམས་པང་འཛུགས་པ། ས་གནས་ས་ཐོག་ཏུ་དོགས་འདྲིར་ལན་འདེབས་པ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་མང་ཚོགས་ལ་བདེ་འཇགས་ཤེས་བྱ་དང་། འཕྲལ་སྡོམ་དོ་དམ་སྲིད་ཇུས་དང་ཁྲིམས་སྲོལ། ཚན་རིག་ཁྱབ་གདལ་གྱི་བདེ་འཇགས་རྒྱུན་ཤེས། འཕྲལ་སྡོམ་ཐག་གཅོད་བྱེད་ཐབས་བཅས་ངོ་ཐུག་གདོང་འཕྲད་ཀྱིས་འགྲེལ་བཤད་བརྒྱབ་པ་མ་ཟད། གྲོང་མི་མང་ཚོགས་ཀྱིས་བློ་འདྲི་བྱས་པར་ངང་རྒྱུད་རིང་པོས་ལན་ཡང་བཏབ་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་ས་གནས་དང་རྫོང་ཁག་ཏུ་དུས་གཅིག་ཏུ་སྤེལ་ཞིང་། ཁྱོན་དྲིལ་བསྒྲགས་བློ་འདྲིའི་སྟེགས་བུ་165བཙུགས་པ་དང་། འགྲེམས་པང་121བཀོད་སྒྲིག་བྱས་པ། འཕྲེད་འགེལ་སྦྱར་ཡིག་དང་དྲན་སྐུལ་འབོད་ཚིག་300ལྷག་ཙམ་བཀལ་བ། བརྡ་ཁྱབ་50ལྷག་ཙམ་སྦྱར་བ། དྲིལ་བསྒྲགས་དཔྱད་ཡིག་ཁྲི་2ཙམ་དང་དྲིལ་བསྒྲགས་དངོས་རྫས་ཁྲི་2.15ལྷག་ཙམ་སྤྲད་པ། མང་ཚོགས་མི་ཐེངས་910ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་ཡོད། གཞན་ཡང་བྱེད་སྒོའི་རིང་ད་དུང་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་ཆེད་དོན་གློག་བརྙན་དང་ཉེན་ཟོན་སློབ་གསོའི་གློག་བརྙན་ལྟ་རུ་བཅུག་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཤེས་བྱའི་ཚོད་རྒྱུགས་དང་བདེ་འཇགས་དྲིལ་བསྒྲགས་སློབ་གསོ“ཕྱོགས་བརྒྱད་ལ་སྤེལ”བའི་བྱེད་སྒོ་སྤེལ་ཏེ། མངའ་རིས་ས་ཁུལ་བདེ་འཇགས་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།