དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • འབྲི་རུ་རྫོང་སྤྱི་བདེ་ཅུས་ཀྱིས།

    ཐོབ་ཐང་ལག་ཁྱེར་རྙིང་པ་2300གཅིག་སྡུད་ཐོག་མེད་པར་བཟོས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-24

    ཉེ་ཆར། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྤྱི་བདེ་ཅུས་ཐེམ་ཐོ་ཁོའོ་ཡིས་ཉེ་དུས་ཐོབ་ཐང་ལག་ཁྱེར་རབས་གཉིས་པ་བརྗེས་པ་ལས་ལྷག་པའི་ལག་ཁྱེར་རྙིང་པ་དང་། དེ་བཞིན་རྒྱུན་གཏན་དུ་བསྡུ་ལེན་བྱས་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་རྙིང་པ་2300གཅིག་སྡུད་ཐོག་མེད་པར་བཟོས་པ་རེད།

    ད་ཐེངས་གཅིག་སྡུད་ཐོག་མེད་པར་བཟོ་བའི་བྱ་སྤྱོད་ནི་འབྲི་རུ་རྫོང་སྤྱི་བདེ་ཅུས་ཀྱིས་ལག་ཁྱེར་བོར་བརླག་སོང་ནས་བྱུང་བའི་ཉེན་ཁར་དམིགས་པའི་བྱ་ཐབས་ནུས་ལྡན་ཞིག་རེད།

    འབྲི་རུ་རྫོང་སྤྱི་བདེ་ཅུས་ཀྱིས་དམིགས་སུ་དྲན་སྐུལ་བྱས་དོན། ཐོབ་ཐང་ལག་ཁྱེར་རྙིང་པ་ནི“བེད་མེད་ཅིག་མིན”པས་གང་འདོད་དུ་མི་གཞན་ལ་སྤྲོད་པའམ་ཡང་ན་བསྐྱུར་རྒྱུ་གཏན་ནས་མེད་ལ། དྲ་རྒྱའི་སྟེང་དུ་ལག་ཁྱེར་གྱི་འདྲ་པར་གང་འདོད་དུ་བསྟན་རྒྱུའང་མེད་པར་ལག་ཁྱེར་རྙིང་པ་ཉར་ཚགས་ཡག་པོ་བྱེད་དགོས། གལ་ཏེ་ཐག་གཅོད་བྱེད་དགོས་ན་ལག་ཁྱེར་གྱི་གནད་འགག་ཆེ་བའི་ཆ་འཕྲིན་བསུབས་རྗེས་སྤྱི་བདེ་ལས་ཁུངས་ལ་གཅིག་གྱུར་ཐག་གཅོད་བྱ་རྒྱུར་སྤྲོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།