དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་2025ལོའི་ལོ་འཁོར་གྱི་དཔྱིད་དུས་ཀྱི་དམག་གསར་དམག་སྒར་ལ་ཞུགས་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-24

    འདི་ནི་དམག་སྒར་ལ་ཞུགས་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།

    འདི་ནི་གྲལ་སྟར་བསྒྲིགས་པའི་དམག་གསར་ཡིན་པ།

    འདི་ནི་དམག་གསར་གྱི་འཐུས་མི་ཝང་ཤུས་ཏུང་གིས་གཏམ་བཤད་སྤེལ་བཞིན་པ།

    ཉེ་ཆར། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་2025ལོའི་ལོ་འཁོར་གྱི་དཔྱིད་དུས་ཀྱི་དམག་གསར་དམག་སྒར་ལ་ཞུགས་པའི་མཛད་སྒོ་འཚོགས་ཤིང་། དུས་ཡུན་ཟླ་བ་གཉིས་ལྷག་ཙམ་རིང་འཐབ་རྩལ་སྦྱོང་བརྡར་དང་། རུ་སྒྲིག་སྦྱོང་བརྡར། ཆབ་སྲིད་སློབ་གསོ་བཅས་བརྒྱུད། དམག་མི་གསར་པ་རྣམས་དངོས་སུ་གཟི་བརྗིད་ལྡན་པའི་མི་དམངས་བུ་ཕྲུག་དམག་ལ་དངོས་སུ་གྱུར་བ་རེད།

    དམག་གླུའི་ཁྲོད་དམག་གི་བླ་སྲོག་གཏོད་པ་དང་དཔའ་ཆ་ཐང་ལ་ཟོལ་མེད་ཀྱི་དམག་མིའི་ཉམས་འགྱུར་མངོན་ཞིང་། མཛད་སྒོ་འཚོགས་ཡུལ་དུ་དམག་མི་གསར་པ་རྣམས་ཀྱིས་དམག་ཆས་གྱོན་ཏེ་སྒམ་བརླིང་ལྡན་པའི་ངང་རུ་སྟར་འགྲིག་པོ་བསྒྲིགས་ཡོད།

    “དམག་མི་དཀྱུས་མའི་གོ་རྟགས་སྤྲོད”ཅེས་པའི་གོ་ཐོབ་སྤྲོད་པའི་བཀའ་སྒྲོག་སྦྱངས་བྱས་པ་དེས་གཞོན་ནུ་དཀྱུས་མ་ཞིག་ལས་འགན་ཕྲག་ཏུ་འཁུར་བའི་དམག་མི་ཞིག་ཏུ་གྱུར་བ་མཚོན་ཡོད། འགྱུར་ལྡོག་དེ་རིགས་ནི་ཐོབ་ཐང་གི་འགྱུར་ལྡོག་ཅིག་རེད་ལ། བསམ་བློ་དང་བྱ་སྤྱོད་ཀྱི་མཐོར་གཏོང་ཞིག་དེ་བས་རེད། ཉི་འོད་འོག་དམག་མིའི་གོ་ཐོབ་ལས་འོད་མདངས་འཚེར་བ་དེ་ནི་འགན་འཁྲི་དང་ལས་འགན་གྱི་མཚོན་རྟགས་ཤིག་རེད། དམག་གསར་ཚོའི་མིག་ཟུང་ལས་སྤོབས་པ་དང་བློ་རྩ་བརྟན་པའི་ཉམས་འགྱུར་གྱིས་ཁེངས་ཤིང་། དུས་དེ་ནས་བཟུང་ཁྱིམ་སྲུང་རྒྱལ་སྲུང་གི་འགན་འཁྲི་ལྕི་པོ་ཁོང་ཚོའི་ཕྲག་ཐོག་ཏུ་བབས་པ་ཤེས།

    ད་ཐེངས་ཀྱི་དམག་གསར་དམག་སྒར་ལ་ཞུགས་པའི་མཛད་སྒོ་ནི་དམག་གསར་ཚོའི་དམག་དཔུང་གི་འཚོ་བའི་འགོ་འཛུགས་ས་ཞིག་རེད། མཛད་སྒོ་མཇུག་འགྲིལ་ཉེའི་མཚམས་སུ་མཛད་སྒོར་ཞུགས་མཁན་ཚང་མས་སྐད་གསང་མཐོན་པོས་བླངས་པའི《སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱེད་དགོས་པ་བརྒྱད》ཅེས་པའི་གླུ་དབྱངས་་སྒར་ཁུལ་ཡོངས་སུ་གྲགས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།