དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གཞིས་རྩེ་རྣམ་གླིང་རྫོང་མི་དམངས་ཁྲིམས་ཁང་གིས།

    ཁྲིམས་སྐྱོང་གྲོང་གསེབ་ཏུ་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-24

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་མི་དམངས་ཁྲིམས་ཁང་གིས“ཡ་རབས་གྲོང་གསེབ། སྲོལ་བཟང་སྤྱོད་བཟང་། བཅའ་ཁྲིམས་ལ་བརྟེན་ནས་ཁྱིམ་གཞིས་ཞི་མཐུན་བརྟན་ལྷིང་ཡོང་བར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཁྲིམས་སྐྱོང་གྲོང་གསེབ་ཏུ་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ཞིང་། གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ལས་བྱེད་པ་དང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི། ཏང་ཡོན་དང་དེ་བཞིན་མང་ཚོགས་ཀྱི་འཐུས་མི་བཅས་མི་170ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་བཅའ་ཁྲིམས་བློ་འདྲིའི་ལས་སྟེགས་བཙུགས་ཏེ། མང་ཚོགས་ཀྱི་བཅའ་ཁྲིམས་ཐད་ཀྱི་དོགས་གནད་བསལ་བ་མ་ཟད། ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་ཁེ་དབང་སྲུང་སྐྱོང་དང་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་ཞི་མཐུན་གྱི་གྲོང་གསེབ་མཉམ་དུ་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།