ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས།
གནད་སྨིན་དྲིལ་བསྒྲགས་སློབ་གསོ་གཏོང་སྟངས་གསར་གཏོད་བྱས་པ།
ཟླ་བ་4པ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས“རེས་མོས་སྡོད་བྱའི་བརྗོད་གཞི་འདེམས་པ་དང་། དྲིལ་བསྒྲགས་གནད་སྨིན་བྱེད་སྟངས”གསར་གཏོད་ངང་བེད་སྤྱད་པའི་ཐོག་སློབ་གྲྭ་དང་། གྲོང་གསེབ། མེ་གསོད། ཨར་ལས་བྱ་ཡུལ། ཁ་ལོ་བའི་ཡིག་རྒྱུགས་གཏོང་ཡུལ་སོགས་གཙོ་གནད་ཁྱབ་ཁོངས་སུ་ཆེད་དོན་དྲིལ་བསྒྲགས་སྤེལ་ནས་བདེ་འཇགས་དང་། ཤར་བགྲོད། ཡ་རབས་བཅས་ཀྱི་འགྲིམ་འགྲུལ་ཁོར་ཡུག་བཟང་པོ་ཞིག་གཏོད་པར་སྒུལ་ནུས་གསར་པ་བསྣན་ཡོད།
ཉིང་ཁྲིའི་འགྲིམ་འགྲུལ་ཉེན་རྟོག་པས་སྲོལ་རྒྱུན་གྱི་དྲིལ་བསྒྲགས་བྱེད་སྟངས་ལས་བསྒྲལ་ནས་དབྱིངས་ཞུགས་དང་མཉམ་འགུལ་རྣམ་པའི་སློབ་གསོ་གཏོང་སྟངས་བཏོད་ཡོད། གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་དངོས་སྦྱོང་འཛིན་གྲྭར་བརྟེན་ནས། འགྲིམ་འགྲུལ་ཉེན་རྟོག་དྲིལ་བསྒྲགས་ཚོགས་པས་ཁོངས་གཏོགས་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་ཏེ་ཚོགས་སྤྱི་མི་འདྲ་བ་ཕྱིར་སྐྱོད་པའི་ཁྱད་ཆོས་ལ་དམིགས་ནས་སྟབས་བསྟུན་གྱི་དྲིལ་བསྒྲགས་ཇུས་གཞི་བཟོས་ཡོད། སློབ་གྲྭར་དྲིལ་བསྒྲགས་ཚོགས་པས“ཕྱིར་སྐྱོད་སྐབས་ཀྱི་བདེ་འཇགས”དང“རླངས་འཁོར་ལ་སྡོད་སྐབས་ཀྱི་བདེ་འཇགས”“རྐང་འཁོར་བཞོན་སྐབས་ཀྱི་བདེ་འཇགས”བཅས་བརྗོད་གཞི་ཆེན་པོ་གསུམ་གྱི་སློབ་ཚན་ཇུས་འགོད་ཞིབ་ཚགས་བྱས་ཏེ“ཉེན་ཁ་ཤེས་ནས་དེ་ལས་གཡོལ་ཤེས་པའི”རྩལ་ནུས་གསོན་ཉམས་དོད་པོས་ཁྱབ་གདལ་བྱས་ཏེ་སློབ་མ་ཚོས་འཁྲུག་ཆ་དོད་པའི་མཉམ་འགུལ་ཁྲོད་ནས་བདེ་འཇགས་ཕྱིར་སྐྱོད་ཀྱི་ཤེས་བྱ་ཁོང་དུ་ཆུད་པར་བྱས་པ་དང་། གྲོང་གསེབ་ས་ཁུལ་དུ་ཞིང་སྤྱོད་རླངས་འཁོར་གྱིས་ཁྲིམས་འགལ་ངང་མི་བླུག་པ་དང་། ར་བཟི་འཁོར་གཏོང་སོགས་ཀྱི་འབུར་ཐོན་གནད་དོན་ལ་དམིགས་ཏེ་དྲིལ་བསྒྲགས་བས་བདེ་འཇགས་སྲུང་མཁན་བྱས་ཏེ་རྒྱ་བོད་སྐད་གཉིས་དང་། འུད་སྒྲོག་ཆེ་བའི་གཟུགས་པོའི་རྣམ་འགྱུར། གསོན་ཉམས་དོད་པའི་ཉེ་འགྲམ་གྱི་གྱོད་དཔེ་བཅས་ཀྱི་ཐོག་ནས་མང་ཚོགས་ལ་ངོས་འཛིན་གཅིག་མཐུན་ཤུགས་ཆེན་ཡོང་བ་བྱས་ནས། འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་རོལ་རྩེད་རྩ་བའི་ཞོར་དུ་སེམས་ལ་གཏིང་ཟབ་ཟུག་ཐུབ་པ་བྱས་ཡོད།