ཉིང་ཁྲིས་གེགས་བར་གནས་ཚུལ་མགྱོགས་མྱུར་དང་ལེན་གྱི་མཉམ་འགུལ་ལམ་སྲོལ་བཙུགས་པ།
འདི་ནི་མཉམ་འབྲེལ་ཚོགས་འདུ་འཚོགས་ཡུལ་ཡིན་པ།
ཉེ་ཆར། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱས་པར་གཞིགས་ན། གེགས་བར་གནས་ཚུལ་དང་ལེན་བྱེད་ཡུན་ཐུང་དུ་གང་གཏོང་དང་རོགས་སྐྱོབ་སྟོབས་ཤུགས་མགྱོགས་མྱུར་འདོན་ཆེད། ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་གིས་གནམ་གཤིས་དང་། ཆུ་དཔྱད། ཀྲུང་གོ་ལྕགས་ལམ། ཕུག་ལམ་རོགས་སྐྱོབ་རུ་ཁག་སོགས་རོགས་སྐྱོབ་སྟོབས་ཤུགས་མང་པོ་དང་མཉམ་དུ་མཉམ་འབྲེལ་ཚོགས་འདུ་འཚོགས་ནས་གེགས་བར་གནས་ཚུལ་མགྱོགས་མྱུར་དང་ལེན་གྱི་མཉམ་འགུལ་ལམ་སྲོལ་བཙུགས་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། མཉམ་འབྲེལ་མགྱོགས་མྱུར་ཐག་གཅོད་ལམ་སྲོལ་དེས་གེགས་བར་མྱུར་སེལ་དང་། སྟོབས་ཤུགས་ཁ་གསབ། རྒྱུན་ལྡན་མཉམ་འགུལ། མཉམ་དུ་སྦྱོང་བརྡར། འཐབ་ཇུས་འགག་སྒྲོལ་སོགས་ཐད་ཀྱི་ལམ་སྲོལ་བཙུགས་ཤིང་། ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཀྱི་མཉམ་ལས་གཏིང་ཟབ་གཏན་འཁེལ་བྱས་པ་མ་ཟད། གེགས་སེལ་རོགས་ལས་སོགས་ཞིབ་ཕྲའི་གནད་དོན་འཚོལ་ཞིབ་བྱས་ཏེ“1+1>2”གྱི་མཐུན་སྦྱོར་རོགས་སྐྱོབ་ཕན་ནུས་འདོན་སྤེལ་བྱེད་པར་འགན་ལེན་བྱས་ནས་སྟབས་བདེ་དང་། ནུས་ཆེ། ཆེད་ལས་བཅས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་མ་ལག་མཉམ་དུ་འཛུགས་སྐྱོང་བྱས་པ་རེད།