ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས།
“སེམས་ཁམས་བདེ་ཐང་འཚར་ལོངས་ཆེད། ལྷད་མེད་བརྩེ་བའི་བདེ་སྐྱིད་སྦྱིན”ཞེས་པའི་སེམས་ཁམས་བདེ་ཐང་གི་བྱེད་སྒོ་སྤེལ་བ།
འདི་ནི་ཉེན་རྟོག་པས་སྤེལ་རེས་ནན་ཏན་བྱེད་བཞིན་པ།
མི་དམངས་ཉེན་རྟོག་པའི་སེམས་ཁམས་བདེ་ཐང་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་ཉེན་རྟོག་པའི་ཁྱིམ་ཚང་གི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་ཆེད། ཉེ་ཆར། ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་སྤྱི་བདེ་པུའི་སེམས་ཁམས་བདེ་ཐང་ཞབས་ཞུའི་རིགས་གཅིག་མཁས་ཅན་མཛོད་ཀྱི་ཁོངས་མི་རྒྱུན་གྲབས་སྟོབས་ཤུགས་སྤྱི་ཁྱབ་རུ་ཁག་གཉིས་པའི་སེམས་ཁམས་བདེ་ཐང་དམག་འཐབ་སྦྱོང་བརྡར་རུ་ཁག་གི་རུ་དཔོན་ཡེ་ཡོན་གདན་དྲངས་ཏེ། “སེམས་ཁམས་བདེ་ཐང་འཚར་ལོངས་ཆེད། ལྷད་མེད་བརྩེ་བའི་བདེ་སྐྱིད་སྦྱིན”ཞེས་པའི་བརྗོད་དོན་གཙོ་བོའི་སེམས་ཁམས་བདེ་ཐང་གི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ཡེ་ཡོན་གྱིས་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་མ་སྤྱད་པར་ས་གནས་ས་ཐོག་ཏུ་ཟུར་ཁྲིད་དང་། འདྲི་ཤོག་བཀྲམ་ནས་འདྲི་རྟོག ཚོགས་ཆུང་བགོས་ནས་གྲོས་བསྡུར། ཆེད་ལས་སེམས་ཁམས་ཚོད་ལྟ། དཔེ་མཚོན་ལ་དབྱེ་ཞིབ་སོགས་རྣམ་པ་སྣ་ཚོགས་ཕྱོགས་བསྡུས་ཀྱིས་སྤྱད་དེ། ཉེན་རྟོག་པར་སེམས་ཁམས་རིག་པའི་ཟུར་ཚད་ནས་གཉེན་སྒྲིག་འབྲེལ་བར་དབྱེ་ཞིབ་གཏིང་ཟབ་བྱས་ནས་ཚན་རིག་དང་མཐུན་པའི་གཉེན་སྒྲིག་དང་བརྩེ་དུང་གི་ལྟ་བ་འཛུགས་རྒྱུར་རོགས་རམ་བྱས་པ་རེད།
བྱེད་སྒོ་སྤེལ་བའི་དུས་ཚོད་ཐུང་ནའང་བསམ་གཞིག་གཏིང་ཟབ་དང་ཧུར་ཐག་ཞུགས་པ་བརྒྱུད། གཉེན་སྒྲིག་ཁྱིམ་ཚང་གི་ནང་དོན་ཤེས་རྟོགས་གཏིང་ཟབ་ཐུབ་ལ། ཚན་རིག་དང་མཐུན་པའི་བྱ་ཐབས་སྤྱད་དེ་བཟའ་ཚང་དབར་གྱི་འགལ་བ་སེལ་ཐབས་ཀྱང་ཤེས་ནས་ཞི་མཐུན་བརྟན་འཇགས་ཀྱི་ཁྱིམ་ཚང་གི་འབྲེལ་བ་འཛུགས་རྒྱུར་རྨང་གཞི་བརྟན་པོ་བཏིང་ཐུབ་སོང་ཞེས་དེར་ཡོད་ཉེན་རྟོག་པས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།