དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་སྲིད་གཞུང་གི་ཆེད་བསྐོས་མེ་གསོད་རུ་ཁག་གི་སྒོ་བྱང་བཀལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-24

    ཉེ་ཆར། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གི་ཤང་དང་གྲོང་རྡལ་སྲིད་གཞུང་གི་མེ་གསོད་རུ་ཁག་དང་པོ་སྟེ་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་སྲིད་གཞུང་གི་ཆེད་བསྐོས་མེ་གསོད་རུ་ཁག་གི་སྒོ་བྱང་འགེལ་བ་དང་བཅའ་སྡོད་བྱེད་པའི་མཛད་སྒོ་འཚོགས་པ་རེད།

    ནག་ཆུ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་རུ་ཁག་གི་རུ་དཔོན་གཞོན་པ་ཀྲའོ་ཁྲེང་ཧུའེ་ཡིས་ནག་ཆུ་གྲོང་རྡལ་སྲིད་གཞུང་གི་ཆེད་བསྐོས་མེ་གསོད་རུ་ཁག་དངོས་སུ་བཙུགས་པ་དེ་ཐོག་ནས་འབྲི་རུ་རྫོང་གི་ཤང་དང་གྲོང་རྡལ་དུ་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་མེད་པའི་སྟོང་ཆ་གསབ་པ་མ་ཟད། རྫོང་ཡོངས་ཀྱི་གཞི་རིམ་མེ་གསོད་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།