དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས《བསམ་འཆར》བཀྲམ་ནས།

    12345ཐད་སྦྲེལ་ཁ་པར་དང་110ཉེན་བརྡའི་ཞབས་ཞུའི་ལས་སྟེགས་ནུས་ཆེའི་མཉམ་འགུལ་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-24

    གསར་འགོད་པར་ཤེས་རྟོགས་བྱུང་བར་ཉེ་ཆར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས《ལྗོངས་ཡོངས་ཀྱི་12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་དང་110ཉེན་བརྡའི་ཞབས་ཞུའི་ལས་སྟེགས་ནུས་ཆེའི་སྦྲེལ་མཐུད་མཉམ་འགུལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས་འགན་འཁྲི་ཁ་གསལ་དང་། ལེགས་ཆ་གསབ་རེས། ཚན་རྩལ་གྱིས་འདེགས་སྐྱོར། ནུས་ཆེ་སྟབས་བདེ་བཅས་ཀྱི་12345དང་110ནུས་ཆེའི་སྦྲེལ་མཐུད་མཉམ་འགུལ་ལམ་སྲོལ་མགྱོགས་མྱུར་བཟོས་ཏེ། སྲིད་དོན་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་བསྟན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྲིད་དོན་ཞབས་ཞུའི་སྒྱུར་བཅོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། བོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་མཉམ་འགུལ་མ་ལག་རྒྱུན་ཆད་མེད་པར་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། མང་ཚོགས་ཀྱི་རེ་འདུན་སྦྲེལ་མཐུད་མཉམ་སྒྲུབ་ལམ་སྲོལ་རྒྱུན་མཐུད་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། ཉེན་ཁ་གལ་ཆེན་སྔོན་འགོག་དང་ཚོད་འཛིན། བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་བ་རེད།

    《བསམ་འཆར》ནང་། 2025ལོའི་ལོ་མཇུག་གོང་ས་གནས་ཁག(གྲོང་ཁྱེར)ཏུ་12345དང་110གྱི་ནུས་ཆེའི་སྦྲེལ་མཐུད་མཉམ་འགུལ་ལམ་སྲོལ་གཞི་རྩའི་ཐོག་བཙུགས་ནས་རྩིས་སྤྲོད་སྤོ་སྒྱུར་དང་། རྒྱུན་གཏན་མཉམ་འགུལ། འཕྲལ་སྡོམ་མཉམ་འགུལ། གྲོས་མོལ་སྤེལ་རེས། དཔྱད་ཞིབ་སྒྲུབ་སྐུལ་སོགས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མཐུན་སྦྱོར་ཞབས་ཞུའི་ཕན་ནུས་ཆེ་རུ་ངེས་ཅན་གཏོང་དགོས་པ་དང་། 2026ལོའི་ཟླ་6པའི་ཟླ་མཇུག་གོང་12345དང་110ལས་སྟེགས་ཕན་ཚུན་སྦྲེལ་མཐུད་དང་། འབྲེལ་ཡོད་གྲངས་གཞིའི་ཐོན་ཁུངས་མཉམ་སྤྱོད། འབྱུང་རྩ་ནས་ཁག་བགོས། རིམ་དབྱེ་རིགས་དབྱེའི་ཐག་གཅོད་བཅས་ཁྱོན་ཡོངས་ནས་མངོན་འགྱུར་ཐུབ་པར་བྱས་ཏེ། སྦྲེལ་མཐུད་མཉམ་འགུལ་ལས་དོན་ཚད་ལྡན་ཅན་དང་། ཆེད་ལས་ཅན། རིག་ནུས་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། 12345ཡིས་སྲིད་གཞུང་གི་དོ་དམ་དང་ཞབས་ཞུ་དང་འབྲེལ་བ་ཡོད་པའི་ཛ་དྲག་མིན་པའི་རེ་འདུན་སྤྱི་འདོམས་ཐག་གཅོད་བྱེད་པ་དང་། སྡེ་ཚན་གྱིས་ལས་ཆོད་ཆེ་ཞིང་མཉམ་སྒྲུབ་ཀྱིས་འགན་འཁྲི་སྒྲུབ་པར་སྐུལ་འདེད་གཏོང་བ། 110གྱིས་ཁྲིམས་ལྟར་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བ་དང་། ཛ་དྲག་དང་ཉེན་ཆེའི་ཉེན་རྟོག་གནས་ཚུལ་དུས་ཐོག་ཏུ་ཐག་གཅོད་བྱེད་པ། སྤྱི་ཚོགས་བདེ་འཇགས་སྒྲིག་ལམ་སྔར་བས་ལེགས་པར་སྲུང་སྐྱོང་བྱེད་པ་བཅས་ཀྱི་ལས་ཀའི་བཀོད་པ་ཆགས་པར་བྱ་རྒྱུ་ཁ་གསལ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།