དབུ་ཤོག>ཁྲིམས་ལུགས།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-24

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས་དར་དམར་ཐང་ཆེན་དུ་བསྐྱོད་དེ“བདེ་འཇགས་དྲིལ་བསྒྲགས་ཀྱི་བློ་འདྲིའི་ཉིན་མོའི”བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། རུ་འབྲིང་དེས་གཅིག་སྡུད་དྲིལ་བསྒྲགས་བློ་འདྲི་བྱེད་ས་བསྐྲུན་པ་དང་། དྲིལ་བསྒྲགས་ཤོག་ལྷེ་སྤྲོད་པ། འཕྲལ་སྡོམ་རོགས་སྐྱོབ་ཀྱི་སྒྲིག་ཆས་སྣ་ཚོགས་འགྲེམས་སྟོན་སོགས་ཀྱི་ཐོག་ནས་དྲིལ་བསྒྲགས་བྱས་པར་བཅའ་སྡོད་ཁུལ་གྱི་མང་ཚོགས་དང་འགྲོ་འོང་བྱེད་མཁན་ཡུལ་སྐོར་བ་ལྟ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པའི་བྱེད་སྒོ་སྤེལ་སྟངས་བརྒྱུད་སྤྱི་ཚོགས་ཡོངས་ཀྱིས་ནགས་ཚལ་མེ་ཟོན་ལ་དོ་ཁུར་དང་། ནགས་ཚལ་མེ་ཟོན་ནང་ཞུགས་པ། ནགས་ཚལ་མེ་ཟོན་ལ་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་ཆགས་ཡོད། འདི་ནི་ནགས་ཚལ་མེ་ཟོན་བཀོད་འཐབ་པས་གྲོགས་པོ་ཆུང་ཆུང་ལ་མེ་ཟོན་དམག་ཆས་གྱོན་སྟངས་སློབ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།