དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་ཀྱིས“6·15”ཡི་ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོ་སྔོན་འགོག་གི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-18

    མི་དམངས་མང་ཚོགས་ཀྱི་ཉེན་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱ་ཆེད། ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འགལ་རྡུང་རྡེག་གཞུང་དོན་ཁང་གིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ། “དངུལ་ཁུག་སྲུང་། ཁྱིམ་ཚང་སྐྱོང” ཞེས་པའི་བརྗོད་དོན་གཙོ་བོའི“6·15”ཡི་ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོ་སྔོན་འགོག་གི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་འབྲེལ་ཡོད་སྡེ་ཚན་ཁག་གིས་གྱོད་དཔེ་དྲངས་པ་དང་། དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་སྤྲོད་པ། ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོ་སྔོན་འགོག་གི་བརྙན་ཐུང་བསྟན་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཕར་འགྲོ་ཚུར་འོང་གི་མང་ཚོགས་ལ་ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོའི་གནོད་འཚེ་དྲིལ་བསྒྲགས་བྱས་ནས། ཚང་མར་བསླུ་བྲིད་འོག་མི་ཚུད་པ་དང་།“གནམ་ནས་ཤ་བག་ལེབ་ཟགས་མི་སྲིད་པ” “ཁེ་བཟང་མང་ན་ཉེན་ཁ་ཆེ་བ་མཚོན་པ”སོགས་ཀྱི་གནས་ལུགས་བློ་ལ་བརྟན་པོར་ངེས་ཏེ། མང་ཚོགས་ཀྱིས་རང་འགུལ་ངང་ཁྲིམས་འགལ་དངུལ་རྩའི་བྱེད་སྒོ་དང་རྒྱང་དུ་གྱེས་ནས་ཐུན་མོང་ཐོག་བདེ་སྐྱིད་ཀྱི་འཚོ་བ་སྲུང་རྒྱུའི་ཁྲིད་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།