སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གིས།
དམངས་གཉེར་ཁེ་ལས་དང་འབྲེལ་བ་ཡོད་པའི་དངུལ་བུན་གཡར་བའི་རྩོད་གཞི་ཞིག་ཐག་གཅོད་བྱས་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་འགན་ནུས་ཀྱི་ནུས་པ་གང་ལེགས་བཏོན་ནས་དམངས་གཉེར་ཁེ་ལས་དང་འབྲེལ་བའི་དངུལ་བུན་གཡར་བའི་རྩོད་གཞི་ཞིག་ཐག་གཅོད་མགྱོགས་མྱུར་བྱས་པས་བཅའ་ཁྲིམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཐོན་ཡོད།
གསར་འགོད་པས་ཤེས་རྟོགས་བྱས་པར། གྱོད་གཞི་དེའི་ཞུ་སྦྱོར་སྔ་མ་དང་ཞུ་སྦྱོར་ཕྱི་མ་ནི་ཚོང་དོན་ཚད་ཡོད་ཀུང་སི་གཅིག་ནས་ཡིན་པ་དང་། ཞུ་སྦྱོར་ཕྱི་མར་མ་དངུལ་མཁོ་བར་བརྟེན་ཞུ་སྦྱོར་སྔ་མའི་ས་ནས་སྒོར་ཁྲི་35གཡར་མོད། འོན་ཀྱང་ཁ་ཆད་ཀྱི་དུས་ཚོད་ནང་དངུལ་བུན་སྤྲད་མེད། ཞུ་སྦྱོར་སྔ་མས་ཚ་འདེད་ཐེངས་མང་བཏང་ཡང་མ་སྤྲད་པར་བརྟེན་ཁྲིམས་ཁང་ལ་ཞུ་སྦྱོར་ཕྱི་མ་ཞུ་གཏུག་བརྒྱབ།
དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་འཆམ་མཐུན་ཁྲིམས་སྐྱོང་གི་ཚོང་གཉེར་ཁོར་ཡུག་མུ་མཐུད་བསྐྲུན་ཆེད། སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གི་སྒྲུབ་གཉེར་ཁྲིམས་དཔོན་གྱིས་ཞུ་གཏུག་ཁྲོད་ཀྱི་སྲུང་སྡོམ་ནས་འགོ་བཙུགས་ཏེ། ཞུ་སྦྱོར་སྔ་མའི་བུན་དབང་གི་ཁེ་ཕན་ལ་འགན་ལེན་དང་ཞུ་སྦྱོར་སྔ་མར་ཞུ་གཏུག་ཁྲོད་རྒྱུ་ནོར་སྲུང་སྡོམ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཞུ་གཏུག་རྒྱལ་ཐུབ་པར་འགན་ལེན་བྱས་ཡོད། ཕྱོགས་མཚུངས། ཁས་ལ་ཁས་འཁྱག་བྱས་ནས་སྲུང་སྡོམ་མེད་པ་བཟོས་ཤིང་། སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས་ཞུ་སྦྱོར་ཕྱི་མས་གཡར་བའི་དངུལ་དག་ལས་སྒོའི་ཐད་སྤྱོད་དགོས་པ་ཤེས་རྟོགས་བྱུང་བ་དང་། ཞུ་སྦྱོར་ཕྱི་མས་ཞུ་གཏུག་དང་འབྲེལ་བའི་རྒྱུན་ལྡན་གྱི་གཉེར་སྐྱོང་བྱེད་སྒོ་སྤེལ་བར་འགན་སྲུང་བྱ་ཆེད། ཞུ་སྦྱོར་ཕྱི་མར་ཁས་ལ་ཁས་འཁྱག་བྱས་ན། ཞུ་སྦྱོར་ཕྱི་མས་གཡར་བའི་དངུལ་རྣམས་སྤྱོད་ཐུབ་པ་དང་ཞུ་སྦྱོར་སྔ་མའི་བུན་ལོན་ཡང་སྤྲོད་ཐུབ་པའི་སྐོར་བརྗོད། ཞུ་སྦྱོར་ཕྱི་མས་བསམ་འཆར་དང་ལེན་བྱས་རྗེས་ཁག་ཐེག་མ་དངུལ་ཁྲིམས་ཁང་གི་རྩིས་ཁྲར་བསྒྱུར་བ་དང་། སྲུང་སྡོམ་བྱེད་ཐབས་ཕྱིར་འཐེན་བྱ་རྒྱུའི་རེ་ཞུ་བྱས་པ་རེད། ད་དུང་། འདུམ་འགྲིག་ཧུར་ཐག་བྱས་ཤིང་། སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས་གྱོད་གཞིའི་དོན་དངོས་གསལ་རྟོགས་དང་། རྩོད་གཞིའི་གནད་དོན་ལ་དམིགས་པ། འདུམ་འགྲིག་བྱེད་འདོད་པ། བསམ་འཆར་གཅིག་གྱུར་ཡོང་བ་བཅས་མཐའ་འཁྱོངས་བྱས་ནས་ཞུ་སྦྱོར་སྔ་མ་དང་ཕྱི་མར་འདུམ་འགྲིག་བྱས་པ་མ་ཟད། སྒྲུབ་འགན་འཁུར་མཁན་གྱིས་ངང་རྒྱུད་རིང་པོས་བཅའ་ཁྲིམས་ཀྱི་གནས་ལུགས་བརྗོད་རྗེས་མཐར་འདུམ་འགྲིག་བྱེད་ཐབས་ནས་གྱོད་གཞི་དེ་ཐག་གཅོད་ཐུབ་ཡོད།