དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

    དམངས་འཚོའི་ཁྱབ་ཁོངས་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་ཀྱི་དཔེ་མཚོན་གྱོད་དཔེ་ཡོངས་བསྒྲགས་བྱས་པ། ②

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-17

    དྲུག གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྗིད་འདེགས་ཨར་ལས་རྒྱུ་ཆ་ཕྱིར་ཚོང་ཁང་ཞིག་གིས་ཆོག་མཆན་མ་ཐོབ་པར་ཐོན་སྐྱེད་བྱས་པའི་དམིགས་བསལ་སྒྲིག་ཆས་བཙོངས་པའི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་བྱས་པ།

    2024ལོའི་ཟླ་10པར་གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་དམིགས་བསལ་སྒྲིག་ཆས་ལ་རྒྱུན་གཏན་གྱི་ཞིབ་བཤེར་བྱེད་སྐབས། བསམ་གྲུབ་རྩེ་ཆུས་ཆུ་ཤར་སྡེ་ཁུལ་གྱི་གློག་དྲ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་རྣམ་གྲངས་ཁྲོད་ཆོག་མཆན་མ་ཐོབ་པར་ཐོན་སྐྱེད་བྱས་པའི་དམིགས་བསལ་སྒྲིག་ཆས་ལྗིད་འདེགས་འཕྲུལ་འཁོར་སྤྱོད་བཞིན་པ་ཤེས་རྟོགས་བྱུང་ཡོད། བརྟག་དཔྱད་བྱས་པ་བརྒྱུད་སྒྲིག་ཆས་དེ་ནི་ལྗིད་འདེགས་ཨར་ལས་རྒྱུ་ཆ་ཕྱིར་ཚོང་ཁང་ཞིག་གིས་ཆོག་མཆན་མ་ཐོབ་པར་བཙོངས་པ་ཞིག་རེད། དོ་བདག་གིས་ཆོག་མཆན་མ་ཐོབ་པར་ཐོན་སྐྱེད་བྱས་པའི་དམིགས་བསལ་སྒྲིག་ཆས་བཙོངས་པའི་བྱེད་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་སྒྲིག་ཆས་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་བདུན་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་བས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་སྒྲིག་ཆས་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་གྱ་གཉིས་པའི་ནང་གསེས་དང་པོའི་གཏན་འབེབས་གཞིར་བཟུང་། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དོ་བདག་ལ་ཁྲིམས་འགལ་བྱེད་སྤྱོད་ཁྲིམས་ལྟར་ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་བ་མ་ཟད། དངུལ་ཆད་སྒོར་30000གཏོང་རྒྱུའི་སྲིད་འཛིན་ཆད་པའང་བཅད་པ་རེད།

    2024ལོའི་ཟླ་12པར། ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་ནུས་རྒྱུ་ཀུང་སི་ཞིག་ལ་རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས། ལྡིར་སོ་སྤྲོས་ཆས་ནས་ཀུང་སི་དེའི་དབུགས་རིལ་ནང་དབུགས་བླུག་མཁན་དབྱང་ཆེ་གེ་མོས་2024ལོའི་ཟླ་11པར་དབུགས་བླུགས་སར་བདེ་འཇགས་ལག་རྩལ་ཚད་གཞིའི་བླང་བྱ་ལས་འགལ་ནས་དབུགས་བླུགས་ཡོད་པ་ཤེས་རྟོགས་བྱུང་ཡོད། ཁྲིམས་སྒྱུར་བ་དང་དབྱང་ཆེ་གེ་མོ་མཉམ་དུ་སྔར་བས་ཞིབ་བསྡུར་བྱེད་སྐབས་དབྱང་ཆེ་གེ་མོས་བདེ་འཇགས་ལག་རྩལ་ཚད་གཞིའི་བླང་བྱ་ལས་འགལ་ནས་དབུགས་རིལ་ནང་དབུཌ་པའི་བྱ་སྤྱོད་ངོས་ལེན་ཞུས་པ་རེད། ཀུང་སི་དེས་དབུགས་བླུགས་པའི་བརྒྱུད་རིམ་ལ་ཞིབ་བཤེར་ཡག་པོ་བྱས་མེད་པའི་བྱེད་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་སྒྲིག་ཆས་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དགུ་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་བས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་སྒྲིག་ཆས་བདེ་འཇཌ་བཅའ་ཁྲིམས》ཀྱི་དོན་ཚན་གྱ་ལྔ་པའི་ནང་གསེས་དང་པོ་དང་གཉིས་པའི་གཏན་འབེབས་གཞིར་བཟུང་ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དོ་བདག་ལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཁྲིམས་ལྟར་ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་བ་མ་ཟད། དངུལ་ཆད་སྒོར་10000གཏོང་རྒྱུའི་སྲིད་འཛིན་ཆད་པའང་བཅད་པ་རེད།

    བདུན། ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ནུས་རྒྱུ་ཚད་ཡོད་ཀུང་སི་ཞིག་གིས་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལག་རྩལ་ཚད་གཞིའི་བླང་བྱ་ལས་འགལ་ནས་དབུགས་རིལ་ནང་དབུགས་བླུགས་པའི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་བྱས་པ།

    བརྒྱད། ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བོད་ཀྱི་གློག་སྐས་ཚད་ཡོད་ཀུང་སི་ཞིག་གིས་དམིགས་བསལ་སྒྲིག་ཆས་བདེ་འཇགས་ལག་རྩལ་ཚད་གཞིའི་བླང་བྱ་ལྟར་གློག་སྐས་ལ་ཉམས་བཟོ་མ་བྱས་པའི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་བྱས་པ།

    2024ལོའི་ཟླ་12པར་ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་རྒྱུན་གཏན་གྱི་ཞིབ་བཤེར་བྱེད་སྐབས། བོད་ཀྱི་གློག་སྐས་ཚད་ཡོད་ཀུང་སི་ཞིག་གིས་བྲིས་པའི་གློག་སྐས་ཉམས་བཟོའི་ཟིན་ཐོའི་དེབ་ཐོག་གློག་སྐས་སྤྱོད་མཁན་ཚན་པའི་མིང་རྟཌ་བཀོད་མེད་པ་དང་དུས་མཚུངས་ཞིབ་བཤེར་བྱེད་སྐབས་གློག་སྐས་ཀྱི་འཁོར་ལམ་ལ་སྣུམ་མེད་པ་ཤེས་རྟོགས་བྱུང་བ་རེད། དོ་བདག་གིས་དམིཌ་བསལ་སྒྲིག་ཆས་ཀྱི་ལག་རྩལ་ཚད་གཞིའི་བླང་བྱ་ལྟར་གློག་སྐས་ལ་ཉམས་བཟོ་མ་བྱས་པའི་བྱེད་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིཌ་བསལ་སྒྲིག་ཆས་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་ལྔ་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་བས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་སྒྲིག་ཆས་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་གྱ་བརྒྱད་པའི་ནང་གསེས་དང་པོ་དང་གཉིས་པའི་གཏན་འབེབས་གཞིར་བཟུང་། ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་ལྟར་དོ་བདག་ལ་ཁྲིམས་འགལ་བྱེད་སྤྱོད་ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་བ་མ་ཟད། དངུལ་ཆད་སྒོར་10000གཏོང་རྒྱུའི་སྲིད་འཛིན་ཆད་པའང་བཅད་པ་རེད།

    དགུ ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་གྱི་གློག་སྒུལ་སྦག་སྦག་བརྒྱུད་འཚོང་ཁང་ཞིག་གིས་ཚད་མི་ལོན་པའི་གློག་སྒུལ་སྦག་སྦག་བཙོངས་པའི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་བྱས་པ།

    2024ལོའི་ཟླ་5པར། ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་གྱི་གློག་སྒུལ་སྦག་སྦག་བརྒྱུད་འཚོང་ཁང་ཞིག་གིས་བཙོངས་པའི་གློག་སྒུལ་སྦག་སྦག་ལ་འཐེན་བཤེར་བྱས་པ་དང་། ཞིབ་བཤེར་ཚད་ལེན་བྱས་པ་བརྒྱུད། ཚོང་ཁང་དེས་བཙོངས་པའི་གློག་སྒུལ་སྦག་སྦག་ནི་ཚད་མི་ལོན་པའི་ཐོན་རྫས་ཡིན་པ་རེད། དོ་བདག་གིས་ཚད་མི་ལོན་པའི་གློག་སྒུལ་སྦག་སྦག་བཙོངས་པའི་བྱེད་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་རྫས་སྤུས་ཚད་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་གསུམ་པའི་གཏན་འབེབས་ལས་འགལ་བས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་རྫས་སྤུས་ཚད་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དགུ་པའི་གཏན་འབེབས་གཞིར་བཟུང་། ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་ལྟར་དོ་བདག་ལ་ཁྲིམས་འགལ་བྱེད་སྤྱོད་ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་སྟེ་གྱོད་གཞི་དང་འབྲེལ་བ་ཡོད་པའི་གློག་སྒུལ་སྦག་སྦག་གཞུང་བཞེས་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། དངུལ་ཆད་སྒོར་5100གཏོང་རྒྱུའི་སྲིད་འཛིན་ཆད་པའང་བཅད་པ་རེད།

    བཅུ། ལྷ་ས་མལ་གྲོ་གུང་དཀར་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཚོང་ཁང་ཞིག་གིས་ཚོང་ཟོག་ལ་རིན་གོང་གསལ་པོ་བཀོད་མེད་པའི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་བྱས་པ།

    2025ལོའི་ཟླ་3པར། ལྷ་ས་མལ་གྲོ་གུང་དཀར་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་འཛད་སྤྱོད་པའི་ཞུ་གཏུག་འདུམ་འགྲིག་བྱེད་རིང་། ཚོང་ཁང་ཞིག་གིས་ཚོང་ཟོག་ལ་རིན་གོང་གསལ་པོ་བཀོད་མེད་པ་ཤེས་རྟོགས་བྱུང་། དོ་བདག་གིས་རིན་གོང་གསལ་པོ་མ་བཀོད་པའི་བྱེད་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་གསུམ་པའི་གཏན་འབེབས་ལས་འགལ་བས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་གཉིས་པའི་གཏན་འབེབས་གཞིར་བཟུང་། ལྷ་ས་མལ་གྲོ་གུང་དཀར་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་ལྟར་དོ་བདག་ལ་ཁྲིམས་འགལ་བྱེད་སྤྱོད་ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་བ་མ་ཟད། དངུལ་ཆད་སྒོར་1000གཏོང་རྒྱུའི་སྲིད་འཛིན་ཆད་པའང་བཅད་པ་རེད།

    (ཡོང་ཁུངས། བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་གཞུང་ཕྱོགས་དྲ་ཚིགས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།