དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱིས་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་གྱི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-17

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་ཆུས(རྫོང)མཉམ་འགུལ་གྱི་བྱ་ཐབས་སྤྱད་དེ《ཡིག་འབུལ་ཞུ་བཅར་གྱི་ལས་དོན་སྲོལ་ཡིག》ལག་བསྟར་བྱས་ནས་ལོ་གསུམ་འཁོར་བ་དང་ཡིག་འབུལ་ཞུ་བཅར་གྱི་ལས་དོན་ཁྲིམས་སྐྱོང་ཅན་གྱི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། ལས་དོན་པས་མང་ཚོགས་དང་ཚོང་དུད་ལ《ཡིག་འབུལ་ཞུ་བཅར་གྱི་ལས་དོན་སྲོལ་ཡིག》དང་། ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་གྱི་དྲིལ་བསྒྲགས་ཤོག་ལྷེབ་དང་དྲིལ་བསྒྲགས་དངོས་རྫས་སྤྲད་པ་མ་ཟད། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཚང་མར་དྲ་ཐོག་ནས་ཡིག་འབུལ་ཞུ་བཅར་དང་། ཁ་པར་ནས་ཡིག་འབུལ་ཞུ་བཅར། བཅར་འདྲི་སོགས་ཀྱི་རེ་ཞུའི་བྱེད་ཐབས་གཙོ་གནད་འགྲེལ་བཤད་བརྒྱབ་པ་རེད། བྱེད་སྒོ་སྤེལ་རིང་། ཁྱོན་བསྡོམས་དྲིལ་བསྒྲགས་བློ་འདྲིའི་ས་ཚིགས་40བཙུགས་པ་དང་མང་ཚོགས་མི་ཐེངས་200ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་པ། དྲིལ་བསྒྲགས་དཔྱད་ཡིག་ཁྲི་1.2ལྷག་ཙམ་སྤྲད་པ་མ་ཟད། མང་ཚོགས་500ལྷག་ཙམ་དང་སྤེལ་རེས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།