གསར་དུ་བཟོ་བཅོས་བརྒྱབ་པའི《གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་སྲོལ་ཡིག》ཟླ་6ཚེས་1ཉིན་ནས་ལག་བསྟར་བྱས་པ།
གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པ་ལྟར་ན། ཁྲིམས་གཏན་འཁེལ་བའི་གོ་རིམ་བརྒྱུད་གསར་དུ་བཟོ་བཅོས་བརྒྱབ་པའི《གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)དེ་2025ལོའི་ཟླ་6ཚེས་1ཉིན་ནས་ལག་བསྟར་བྱས་པ་རེད། 《སྲོལ་ཡིག》ལ་ཁྱོན་ལེའུ་ལྔ་དང་དོན་ཚན་དྲུག་ཅུ་རེ་གསུམ་ཡོད་ཅིང་། གྲོང་ཁྱེར་དོ་དམ་གྱི་ལས་དོན་དབང་ཆ་སྔར་བས་མཐུན་སྦྱོར་བྱས་ཏེ། གྲོང་ཁྱེར་དོ་དམ་ལས་དོན་དེ་ཁྲིམས་སྐྱོང་གི་ལམ་བུའི་ཐོག་བསྐྱོད་ནས། སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་ཏེ། གྲོང་ཁྱེར་དོ་དམ་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་བླང་བྱ་གསར་པ་དང་རེ་སྒུག་གསར་པར་ལན་དེ་བས་ཡག་པོ་བཏབ་ཡོད།