ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
འདི་ནི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།
འདི་ལོའི་ཟླ་5པ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ལག་ལེན་བསྟར་ཚུན་གྱི“མཛེས་སྡུག་ལྡན་པའི་འཚོ་བ་དང་དམངས་དོན་ཁྲིམས་གཞུང་མཉམ་དུ་འགྲོགས”ཞེས་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་ཟླ་བ་ཐེངས་ལྔ་པ་དེ་རེད། དམངས་དོན་ཁྲིམས་གཞུང་གི་དགོངས་དོན་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་རྒྱུན་མཐུད་རམ་འདེགས་བྱ་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ལས་བྱེད་པ་དང་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས། ཁོངས་གཏོགས་ཁུལ་གྱི་ཁྲོམ་གཞུང་ཁག་ཏུ་བསྐྱོད་དེ“བཅའ་ཁྲིམས་ལ་བརྟེན་ནས་ཚོང་གཉེར་ཁོར་ཡུག་སྲུང་། ཁྲིམས་གཞུང་ལ་བརྟེན་ནས་ཁེ་ལས་འཕེལ་རྒྱས་ལ་རམ་འདེགས་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
གཞན་ཡང་། ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོར་ད་དུང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་སྤེལ་རིང་གི་ཞིབ་དཔྱོད་ལས་ཁུངས་ཀྱི་འགན་འཁྲིར་དམིགས་ནས། མང་ཚོགས་དང་ཉེ་འཁོར་གྱི་ཚོང་དུད་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ནང་འཁོད་པའི་ཁྲོམ་རའི་ཉོ་ཚོང་སྒྲིག་སྲོལ་དང་། ཁེ་ལས་ཀྱི་ཁེ་དབང་འགན་སྲུང་། དྲང་གཞག་འགྲན་རྩོད་སྲུང་སྐྱོང་སོགས་ཐད་ཀྱི་འབྲེལ་ཡོད་ནང་དོན་ལ་དམ་པོར་གཞིགས་ནས། ཁྲོམ་རའི་བྱེད་པོ་འདྲ་མཉམ་སྲུང་སྐྱོང་བྱེད་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་འགན་འཁྲི་ནན་བཤད་བྱས་ཤིང་། ཁྲིམས་སྐྱོང་དྲིལ་བསྒྲགས་བརྒྱུད་ཁེ་ལས་ལ་ཁྲིམས་མཐུན་གཉེར་སྐྱོང་གི་ཁྲིམས་སྐྱོང་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་པ་མ་ཟད། མང་ཚོགས་ལ་གནད་དོན་ཐག་གཅོད་བྱེད་སྐབས་བཅའ་ཁྲིམས་སྤྱོད་དགོས་པ་དང་འགལ་ཟླ་སེལ་སྐབས་བཅའ་ཁྲིམས་ལ་བརྟེན་དགོས་པའི་ཁྲིམས་སྐྱོང་བསམ་གཞིག་བརྒྱུད་ཁྲིད་བྱས་ཏེ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱས་པ་རེད།