དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱིས།

    གློག་སྒུལ་རྐང་འཁོར་ཁྲིམས་དང་མ་མཐུན་པར་སྒྲིག་བཟོ་བྱས་ནས་བཙོངས་པའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-13

     ཉེ་ཆར་ཆབ་མདོ་གྲོང་ཁྱེར་གྱི་གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་བཅོས་སྒྲིག་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གིས་གློག་སྒུལ་རྐང་འཁོར་ཁྲིམས་དང་མ་མཐུན་པར་སྒྲིག་བཟོ་བྱས་ནས་བཙོངས་པར་ཆེད་དོན་མཉམ་འབྲེལ་ཞིབ་བཤེར་བྱས་པ་རེད།

    མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་གིས་རྒྱལ་ཡོངས་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གིས་བཏང་བའི《གློག་སྒུལ་རྐང་འཁོར་ཁྲིམས་དང་མ་མཐུན་པར་སྒྲིག་བཟོ་བྱས་ནས་བཙོངས་པར་ཆེད་དོན་ཞིབ་བཤེར་བྱེད་རྒྱུའི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་གཞིར་བཟུང་། ཁོངས་གཏོགས་ཁུལ་གྱི་གློག་སྒུལ་རྐང་འཁོར་ཚོང་ཁང་དང་། ཉམས་གསོ་ཁང་། མོས་འདེམས་དང་ལྟོགས་སམ་སོགས་ཉོ་སྐྱེལ་ཁེ་ལས་བཅས་སུ་བསྐྱོད་དེ་མཉམ་འབྲེལ་ཞིབ་བཤེར་བྱས་པ་རེད།

    ད་ཐེངས་ཀྱི་མཉམ་འབྲེལ་ཞིབ་བཤེར་བྱེད་རིང་། གློག་སྒུལ་རྐང་འཁོར་ཚོང་ཁང་4དང་། ཉམས་གསོ་ཁང་3 ཉོ་སྐྱེལ་ཁེ་ལས་1བཅས་ལ་ཞིབ་བཤེར་བྱས་པ་བརྒྱུད་རང་དགར་ཁྲིམས་དང་མ་མཐུན་པར་སྒྲིག་བཟོ་དང་རྫུན་བཟོ་བྱས་པ་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་གནས་སྐབས་ཐོན་མེད་པ་རེད།

    ཆབ་མདོ་གྲོང་ཁྱེར་གྱི་གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་བཅོས་སྒྲིག་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་གཙོ་གནད་ལས་འགན་ཁག་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། གློག་སྒུལ་རྐང་འཁོར་ཁྲིམས་དང་མ་མཐུན་པར་སྒྲིག་བཟོ་བྱས་ནས་བཙོངས་པར་བཅོས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ནུས་ཤུགས་ཡོད་རྒུས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།