དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི“ཉི་འོད་འོག་གི་སྲུང་སྐྱོང”ཞེས་པའི་ཁྲིམས་སྐྱོང་སྤྱི་བདེའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-13

    འདི་ལོ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་བཏོན་ནས་ལོ་5འཁོར་བའི་ལོ་ཡིན་ཞིང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་སྤྱི་བདེ་པུའུ་ཏང་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་པའི་གསོན་ཉམས་དོད་པའི་ལག་ལེན་དང་ཁྲིམས་སྐྱོང་སྤྱི་བདེ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བའི་གཡུར་ཟའི་གྲུབ་འབྲས་གང་ལེགས་མངོན་པར་བྱ་ཆེད། ཟླ་6ཚེས་10ཉིན་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི“ཉི་འོད་འོག་གི་སྲུང་སྐྱོང”ཞེས་པའི་ཁྲིམས་སྐྱོང་སྤྱི་བདེའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་བསམ་གྲུབ་རྩེ་ཆུས་ཡན་ལག་ཅུས་སུ་འཚོགས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཚོགས་འདུའི་དགོངས་དོན་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་སྤྱི་བདེའི་ཆབ་སྲིད་ལས་དོན་ལ་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་བྱེད་པའི་བྱ་སྤྱོད་འཆར་གཞི་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སློབ་སྦྱོང་སློབ་གསོ་དང་། བརྗོད་དོན་གཙོ་བོའི་བཅར་འདྲི། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་སོགས་ཀྱི་བྱེད་ཐབས་བརྒྱུད། “ཉི་འོད་འོག་གི་སྲུང་སྐྱོང”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་པ་དང་། ཁྲིམས་སྐྱོང་སྤྱི་བདེའི་སློབ་སྦྱོང་སློབ་གསོ་དང་དྲིལ་བསྒྲགས་གནས་ཚུལ་གཏོང་སྤེལ་གཙོ་གནད་ཐོག་བྱེད་ཟབ་ཏུ་བཏང་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ལྗོངས་ཡོངས་ཀྱི་སྤྱི་བདེའི་དཔུང་ཁག་གི་འགན་འཁྲི་འཁུར་ཕོད་པའི་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་གཅིག་སྡུད་ཐོག་མངོན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།