སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
ཉེ་ཆར། སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་གིས“ཤེས་དཔལ་སྲོལ་གསར་གསོ་སྐྱོང་གིས་ཁྲིམས་སྐྱོང་འོད་ཟེར་འཕྲོ་བར་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། བཅའ་ཁྲིམས་དྲིལ་བསྒྲགས་པ་གདན་དྲངས་ནས་བཅའ་ཁྲིམས་ཤེས་བྱ་མང་ཚོགས་ཀྱི་སྒོ་རྩར་སྒྲོག་འགྲེལ་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་བཅའ་ཁྲིམས་བློ་འདྲིའི་སྟེགས་བུ་འཛུགས་པ་དང་། དྲིལ་བསྒྲགས་འཕྲེད་འགེལ་སྦྱར་ཡིག་འགེལ་བ། དྲིལ་བསྒྲགས་དཔྱད་གཞི་འགྲེམས་སྤེལ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་དེ། ཕར་འགྲོ་ཚུར་འོང་བྱེད་མཁན་གྲོང་མི་མང་ཚོགས་ལ《དམངས་དོན་ཁྲིམས་གཞུང》ཁྱབ་གདལ་བཏང་བ་རེད། གཉེན་སྒྲིག་དང་ཁྱིམ་ཚང་གི་རྩོད་གཞི་དང་། རྒྱུ་ནོར་ཤུལ་བཞག་རྒྱུན་འཛིན། ཁྱིམ་མཚེས་དབར་གྱི་འགལ་བ། སྡེ་ལས་ཞབས་ཞུ་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་བཅའ་ཁྲིམས་ཀྱི་གནད་དོན་ལ་དམིགས་པའི་ཁར། བཅའ་ཁྲིམས་སྒྲོག་འགྲེལ་པས་གྱོད་དཔེ་དང་ཟུང་འབྲེལ་གྱིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་འདྲི་བར་ལན་བཏབ་སྟེ། བཅའ་ཁྲིམས་ཀྱི་དོན་ཚན་གོ་བདེ་པོ་དང་ཤེས་སླ་པོ་ཡོང་བར་བྱས་ཡོད།
བསྡོམས་རྩིས་ལྟར་ན། ད་ཐེངས་ཀྱི་བྱེད་སྒོར་ཁྲིམས་སྐྱོང་དྲིལ་བསྒྲགས་ལག་དེབ་དང་ཁྲིམས་ལུགས་ཁྱབ་གདལ་ཡིག་རིགས་སོགས་དཔྱད་གཞིའི་ཡིག་རིགས་རྐང་500ལྷག་ཙམ་སྤྲད་པ་དང་མི་ཐེངས་100ལྷག་ཙམ་གྱི་བཅའ་ཁྲིམས་བློ་འདྲི་དང་ལེན་བྱས་པ་བརྒྱུད། གྲོང་མིས《དམངས་དོན་ཁྲིམས་གཞུང》ཤེས་རྟོགས་བྱེད་ཚད་མཐོ་རུ་ཕྱིན་པ་མ་ཟད། མང་ཚོགས་ཀྱིས་བཅའ་ཁྲིམས་སྤྱད་ནས་གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་ཡང་ཆེ་རུ་ཕྱིན་ཡོད།