དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རྩྭ་ཐང་དུ་ཁྲིམས་སྐྱོང་གི་དཔྱིད་རླུང་ལྡང་། བཅའ་ཁྲིམས་ཀྱི་ནང་དོན་མི་སེམས་ལ་ཟུག

    ནག་ཆུ་གྲོང་ཁྱེར་གྱིས“མངགས་ཐོ་རྣམ་པའི”བཅའ་ཁྲིམས་ཁྱབ་གདལ་གྱི་ཞབས་འདེགས་ཤུགས་ཆེན་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-10

    འདི་ནི་ལས་དོན་པས་བཅའ་ཁྲིམས་ཁྱབ་གདལ་གྱི་ཞབས་འདེགས་ཞུ་བཞིན་པ།

    ཏང་འཛུགས་སྐྱོང་གིས་གཞི་རིམ་གྱི་བཅོས་སྐྱོང་ལ་སྣེ་ཁྲིད་པའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀོ་ལུག་ཁྲིམས་ར་དང་ཨ་མདོ་རྫོང་ཁྲིམས་ཁང་གི“མཚོ་བོད་ལམ་ཐིག་གི་གངས་ལྷ་མེ་ཏོག་ཁྱིམ་སྲུང་རུ་ཁག”དང་བྲག་སྨུག་ཁྲིམས་ར་དང་། ཉི་མ་རྫོང་ཁྲིམས་ཁང་གི“ཉི་མ་ཆུང་ཆུང”བུད་མེད་ཁྲིམས་དཔོན་གྱི་ལས་དོན་ཁང་སོགས་དང་། དེ་མིན་སྙན་རོང་རྫོང་དང་། སྦྲ་ཆེན་རྫོང་། དཔལ་མགོན་རྫོང་། མཚོ་གཉིས་རྫོང་བཅས་ཀྱི་ཁྲིམས་ཁང་གིས་རང་ངོས་ཀྱི་འགན་ནུས་ལེཌ་ཆ་གང་ལེཌ་བཏོན་ཏེ། བཅའ་ཁྲིམས་ཁྱབ་གདལ་གཏོང་སྟངས་གསར་གཏོད་ཧུར་ཐག་བྱེད་པ་དང་། ཁྲིམས་འཛིན་ཞབས་ཞུའི་ཁྱབ་ཁོངས་སྣུར་སྲིང་བྱེད་པ། ཁྲིམས་སྐྱོང་དྲིལ་བསྒྲཌ་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ། ཏང་ཡོན་གྱིས“འབྱོར་ཐོ་གཉིས་འགོད”དང“རྒན་གཅིག་གཞོན་གཅིག”ལ་དམིགས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་བརྒྱུད། ཕྱོགས་མང་པོ་དང་མཉམ་འགུལ་མཐུན་སྦྱོར་གྱིས“བཅའ་ཁྲིམས་གསལ་ཤེས་པའི”གསོ་སྦྱོང་དང་། གྱོད་དོན་ལ་བརྟེན་ནས་བཅའ་ཁྲིམས་གླེང་བའི་ལས་དོན“དགོན་པར་ཁྱབ་གདལ”གཏོང་བ། “གཤམ་སྤེལ་གསུམ”སོགས་ཀྱི་བྱེད་སྒོ་སྤེལ་བ་མ་ཟད། ཁྲིམས་ཁང་ནས་གཅིག་རྗེས་གཉིས་མཐུད་ངང་ཐོན་ཏེ་དང་བླངས་ཞབས་ཞུ་དང་། ཁྲིམས་སྐྱོང་འཆད་ཁྲིད། “མངགས་ཐོ་དང་ཆེད་བཟོ་རྣམ་པའི”བཅའ་ཁྲིམས་ཁྱབ་གདལ། ཁྱིམ་ཚང་དུ་བསྐྱོད་ནས་དྲོ་སྐྱིད་སྦྱིན་པ་སོགས་ཚ་ཚ་འུར་འུར་ངང་སྤེལ་ཏེ། “ཏང་འཛུགས་སྐྱོང་དང་ཁྲིམས་སྐྱོང་ཟུང་འབྲེལ”གྱི་ཕྱོགས་གཉིས་མཉམ་འགུལ་གྱི་རྣམ་པ་གསར་པ་བཏོད་ནས་བཅའ་ཁྲིམས་ཀྱི་ནང་དོན་རྩྭ་ཐང་གི་ཕྱོགས་གང་སར་ཁྱབ་ཐུབ་པར་བྱས་ཡོད།

    ལ་ལས་མང་ཚོགས་འདུ་འཛོམས་བྱ་ཡུལ་དུ“དྲིལ་བསྒྲགས་ས་ཚིགས་འཛུགས་པ”དང་། ལ་ལས་ཆ་སྒྲིག་གཉེན་འཚོལ་གྱིས་བརྩེ་སེམས་དང་བཅའ་ཁྲིམས་མཉམ་དུ་སྐྱེལ་བ། ལ་ལས་བཅའ་ཁྲིམས་དྲིལ་བསྒྲགས་ཀྱི་ཐད་གཏོང་རླངས་འཁོར་ས་བབ་མཐོ་བའི་གནས་སྤོ་བྱ་ཡུལ་དུ་བཏང་ནས་མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཏེ་བཅའ་ཁྲིམས་ཁྱབ་གདལ་གཏོང་བ། ལ་ལས་དཔལ་འབྱོར་ཉེས་གསོག་སྐོར་གསལ་བཤད་བྱས་ནས་མང་ཚོགས་ལ་ཤ་ཚའི་དྲན་སྐུལ་ཡང་བྱས་ཡོད། ཁྲིམས་དཔོན་ཚོས་ལུང་པ་དེ་གའི་སྐད་བརྒྱབ་ནས་སེམས་རྩ་འཁོལ་པོས“མངགས་ཐོ་རྣམ་པའི”བཅའ་ཁྲིམས་ཁྱབ་གདལ་གྱི་ཞབས་འདེགས་ཞུས་ཏེ། ཁྲིམས་སྐྱོང་གི་ས་བོན་བྱང་ཐང་གི་ས་གཞི་དང་རྩྭ་ཐང་ཡོངས་ལ་བཏབ་ནས་གང་སར་ཁྲིམས་སྐྱོང་གི་རྩ་བ་ཚུགས་པར་བྱས་ཡོད།

    ཁེ་ལས་ཀྱི་ཁྲིམས་འཛིན་དགོས་མཁོ་གནད་ལ་འཁེལ་པོས་སྒྲུབ་པ་དང་ཁྲིམས་སྐྱོང་ཅན་གྱི་གཉེར་སྐྱོང་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་ཆེད། ཤན་རྩ་རྫོང་དང་སྦྲ་ཆེན་རྫོང་ཁྲིམས་ཁང་གིས་ཁེ་ལས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་གནད་དོན་དངོས་ལ་དམིགས་པ་མཐའ་འཁྱོངས་བྱས་ཏེ། ཁྲིམས་འཛིན་ཞབས་འདེགས་གནད་ལ་འཁེལ་པོ་ཞུས་ཡོད། ཆབས་ཅིག་ནས་བསམ་འཆར་དང་གྲོས་འགོ་གང་ལེགས་ཉན་པ་དང་གྱོད་དཔེ་དངོས་དང་ཟུང་འབྲེལ་གྱིས་ཁེ་ལས་ལ་གན་རྒྱ་འཇོག་པ་དང་། བུ་ལོན་གྱི་རྩོད་གཞི། ཤེས་བྱའི་བདག་དབང་སྲུང་སྐྱོང་སོགས་ཀྱི་བཅའ་ཁྲིམས་ཤེས་བྱ་སྒྲོག་འགྲེལ་བྱས་ཏེ། ཁེ་ལས་ཀྱིས་ཁྲིམས་ལྟར་གཉེར་སྐྱོང་དང་དོ་དམ་ཚད་ལྡན་དུ་གཏོང་བར་ཁྲིད་སྟོན་བྱས་ནས་ཁེ་ལས་ཀྱི་ཉེན་ཁ་འགོག་ཟོན་གྱི་ནུས་པ་ཆེ་རུ་བཏང་བ་མ་ཟད། བཞུགས་མོལ་ཚོགས་འདུ་ཡང་འཚོགས་ནས་དཀའ་གནད་དང་འགག་གནད་སྐོར་ལ་ཁྲིམས་དཔོན་གྱིས་ས་གནས་ས་ཐོག་ཏུ་ལན་བཏབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།