དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བཞད་མཐོང་སྨོན་རྫོང་ཞིབ་དཔྱོད་ཁང་གིས་ཁྲིམས་འཛིན་རོགས་སྐྱོབ་ལ་བརྟེན་ནས་དོ་བདག་གི་དཀའ་ངལ་བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-10

    ཉེ་ཆར་བཞད་མཐོང་སྨོན་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་གྱོད་གཞི་ཞིག་ལ་ཡོངས་གྲགས་གཟུ་ཉན་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་དངུལ་སྒོར་ཁྲི་4སྤྲད་ནས་སྐལ་ཆེ་གེ་མོའི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་བསལ་བ་རེད།

    རོགས་སྐྱོབ་འདུན་ཞུ་བྱེད་མཁན་སྐལ་ཆེ་གེ་མོ་ནི་རྐང་བཙུགས་ནས་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་གི་གནོད་འཚེ་ཕོག་མཁན་ཡིན་ཞིང་། གྱོད་གཞིའི་རྐྱེན་གྱིས་ཁོང་ལ་རྨས་སྐྱོན་ཚབས་ཆེན་རིམ་པ་གཉིས་པ་དང་དབང་སྐྱོན་རིམ་པ་བཅུ་པར་འགྱུར་པའི་ཁར། གནོད་འཚེ་གཏོང་མཁན་ལ་སྨན་རིན་སྤྲོད་པའི་ནུས་པ་མེད་ཚུལ་གསར་འགོད་པས་ཤེས་རྟོགས་བྱུང་། སྒྲུབ་འགན་འཁུར་མཁན་ཞིབ་དཔྱོད་དཔོན་གྱིས་དོན་དངོས་ཡིན་མིན་བརྟག་དཔྱད་བྱས་པ་བརྒྱུད། སྐལ་ཆེ་གེ་མོར་ཕྲུ་གུ་4(ཆེ་ཤོས་ལོ་16དང་ཆུང་ཤོས་ལོ་5ཡིན་པ)ཡོད་པ་དང་། ཁྱིམ་ཚང་གི་དཔལ་འབྱོར་ཡོང་འབབ་གཙོ་བོ་སྐལ་ཆེ་གེ་མོར་བརྟེན་དགོས་ཀྱི་ཡོད། ད་ཆ་ལག་པ་གཡོན་མ་རྨས་པའི་རྐྱེན་གྱིས་ལས་ཀ་བྱེད་ཐབས་བྲལ་བ་མ་ཟད། སྨན་ཁང་དུ་སྡོད་རིང་སྨན་རིན་སྒོར་ཁྲི་7ལྷག་ཙམ་བཏང་བ་ཚང་མ་གཉེན་ཉེའི་ས་ནས་གཡར་བས། མ་གཞི་ནས་ཕྱུག་པོ་མེད་པའི་ཁྱིམ་ཚང་དེ་མུ་ཁའི་སྒང་ལ་ཟླ་ལྷག་བཞིན་སྔར་བས་དབུལ་པོར་གྱུར་ནས་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ཡོད།

    གཟུ་ཉན་ཚོགས་འདུའི་ཐོག སྒྲུབ་འགན་འཁུར་མཁན་ཞིབ་དཔྱོད་དཔོན་གྱིས་གྱོད་གཞིའི་གཞི་རྩའི་གནས་ཚུལ་དང་། བརྟག་དཔྱད་ཞིབ་བསྡུར་བྱས་ཚུལ། རོགས་སྐྱོབ་བསམ་འཆར་དང་རྒྱུ་རྐྱེན་བཅས་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། གཟུ་ཉན་པས་གཟུ་ཉན་གྱི་གྲོས་དོན་ལ་དམིགས་ཏེ་མཉམ་དུ་དཔྱད་གླེང་བྱས་མཐར། ཞིབ་དཔྱོད་ལས་ཁུངས་ཀྱིས་སྐལ་ཆེ་གེ་མོར་ཁྲིམས་འཛིན་རོགས་སྐྱོབ་བྱེད་རྒྱུར་མགྲིན་གཅིག་ཏུ་མོས་མཐུན་བྱུང་བ་རེད། འགག་རྩའི་དུས་སུ་རོགས་སྐྱོབ་བྱས་ནས་མང་ཚོགས་ཀྱི་དཀའ་ངལ་སེལ། རོགས་སྐྱོབ་དངུལ་བླངས་རྗེས་སྐལ་ཆེ་གེ་མོས་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་མ་ཟད། གང་མགྱོགས་དྲག་སྐྱེད་ཡོང་བར་བྱས་ནས་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པར་བྱེད་ཀྱི་ཡིན་ཞེས་བཤད།

    དུས་ཡུན་རིང་པོར། བཞད་མཐོང་སྨོན་རྫོང་ཞིབ་དཔྱོད་ཁང་གིས་དམངས་ཆེད་ཁྲིམས་འཛིན་གྱི་རྩ་དོན་བརྟན་པོར་ངེས་ནས་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མང་ཚོཌ་ཚོས་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བར་བྱེད་པ། མང་ཚོགས་ཀྱི་སེམས་ལ་ཟུག་པའི་བྱ་བ་བཟང་པོ་དང་བྱ་བ་དངོས་སྒྲུབ་པ་བཅས་བྱ་སྤྱོད་དངོས་ལ་བརྟེན་ནས་ཁྲིམས་འཛིན་གྱི་དྲོ་སྐྱིད་སྦྱིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།