དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • རྒྱུགས་སྤྲོད་དང་འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་བ།

    —— བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་གཙོ་གནད་ལས་རིགས་ཀྱི་ཆེད་ལས་དཔྱད་ཞིབ་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-10

    འདི་ནི་དཔྱད་ཞིབ་བྱེད་རིང་དཔུང་སྡེའི་དམག་ཁོངས་སྨན་པས་གཡུལ་སའི་རྨས་མར་སྨན་བཅོས་བྱེད་བཞིན་པ།

    འདི་ནི་དཔྱད་ཞིབ་བྱེད་རིང་དཔུང་སྡེའི་མ་བྱན་གྱིས་ལྟོ་བཟོ་བཞིན་པ།

    འདི་ནི་དཔྱད་ཞིབ་བྱེད་རིང་དཔུང་སྡེའི་འཐབ་འཛིང་པས་མིག་བཀབ་ནས་སྣུམ་རིགས་དབྱེ་བ་འབྱེད་བཞིན་པ།

    རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་སྡེའི་དངོས་འཐབ་ཅན་གྱི་སྦྱོང་བརྡར་ཆུ་ཚད་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་འགན་སྲུང་གི་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར་བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་སྒྲིག་འཛུགས་བྱས་ནས་གཙོ་གནད་ལས་རིགས་ཀྱི་ཆེད་ལས་དཔྱད་ཞིབ་ལས་དོན་སྤེལ་ཞིང་། གཞི་རིམ་གྱི་ཚན་པ་ཁག་ནས་ཡོང་བའི་འགྲན་ཞུགས་པ་100ལྷག་ཙམ་གྱིས་མཉམ་དུ་རྩལ་འགྲན་ནས་ཨང་དང་པོ་བརྩོན་ལེན་བྱས་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཡུན་ཉིན་2རིང་ཁྱོན་རྣམ་གྲངས་11ལ་དཔྱད་ཞིབ་བྱས་པ་དེ་དག་གཡོས་སྦྱོར་དང་། སྣུམ་རྒྱུ། མཛོད་འཇུག སྨན་བཅོས། ནད་གཡོག སྒྲིག་ཆས་ཉམས་བཟོ། རླངས་འཁོར་གཏོང་བ་སོགས་ཀྱི་ནང་དོན་ཚུད་པ་དང་། དཔྱད་ཞིབ་དེ་རིགས་པའི་གཞུང་ལུགས་དང་བཀོལ་སྤྱོད་ཀྱི་ནང་དོན་གཉིས་སུ་ཕྱེ་ཞིང་། འགྲན་བསྡུར་ནང་ཞུགས་མཁན་ཚང་མས་འདྲི་གཞིའི་མཛོད་ནས་བཀོལ་སྤྱོད་སློབ་ཚན་གཉིས་རེ་བདམས་ཏེ་རྒྱུགས་དཔོན་གྱིས་རྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱས་ནས་གོ་རིམ་ལྡན་པའི་ངང་སྤེལ་ཡོད།

    གོམ་སྟབས་རྗེས་མར། དཔུང་སྡེ་དེས་ད་རེས་ཀྱི་དཔྱད་ཞིབ་གོ་སྐབས་སུ་བརྩིས་ནས་ཉམས་མྱོང་དང་མི་འདང་བའི་ཆར་ཕྱོགས་སྡོམ་ནན་ཏན་བྱས་ཏེ་ལེགས་སྤེལ་སྐྱོན་གསབ་ཀྱིས་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འགན་སྲུང་མི་སྣའི་ལས་སྒོའི་འཇོན་ཐང་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། འཕྲལ་སྡོམ་རོགས་སྐྱོབ་ཀྱི་ལས་འགན་ཁག་ལེགས་གྲུབ་ཡོང་བར་འདེགས་སྐྱོར་ནུས་ལྡན་ཐུབ་པར་བྱ་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།