དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • འཆད་སྟེགས་ཐོག་གི་འགྲན་བསྡུར།

    —— བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས“ཚོགས་འདུ་གསུམ་དང་ཡག་པོ་གཅིག”གི་ཕུལ་བྱུང་ཆབ་སྲིད་དགེ་རྒན་གྱི་དཔྱད་བསྡུར་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-10

     འདི་ནི་བྱ་དགའ་ཐོབ་པའི་བདམས་ཐོན་པ་ཚོའི་མཉམ་པར་ཡིན་པ།

    ཉེ་ཆར་བོད་ལྗོངས་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས“ཚོགས་འདུ་གསུམ་དང་ལེགས་པོ་གཅིག”གི་ཕུལ་བྱུང་ཆབ་སྲིད་དགེ་རྒན་གྱི་དཔྱད་བསྡུར་འགྲན་བསྡུར་བྱས་པ་རེད། ལས་ཁུངས་དང་གཞི་རིམ་ནས་ཡོང་བའི་ཆབ་སྲིད་དགེ་རྒན་19ཡིས་རིགས་པའི་གཞུང་ལུགས་དེ་ཉིད་མདུང་དང་ལག་ལེན་དེ་ཉིད་ཕུབ་ཏུ་བརྩིས་ནས་དཔོན་དམག་ཡོངས་ཀྱི་མདུན་དུ“ཆབ་སྲིད”འགྲན་བསྡུར་འཁྲུག་པོ་ཞིག་བྱས་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དཔྱད་བསྡུར་འགྲན་བསྡུར་དེ་གྲ་སྒྲིག་འགྲན་བསྡུར་དང་མཐའ་བསྡུར་གཉིས་སུ་ཕྱེ་བ་དང་ཚན་པ་ཁག་གིས་ནང་ཁུལ་གྱི་གོང་ནས་འོག་བར་དུ་གདམ་གསེས་བྱས་ཡོད། དེ་རྗེས་དཔུང་སྡེ་དེའི་ལས་ཁུངས་ཀྱིས་སློབ་ཁྲིད་བྱེད་སྟངས་དཔྱད་བསྡུར་བྱས་མཐར་བདམས་ཐོན་པ་6མཐའ་བསྡུར་ནང་ཚུད་ཅིང་། ཁོང་ཚོའི་ཁྲོད་དུ་གཞི་རིམ་ལ་རྩ་བ་ཚུགས་པའི་འཐབ་འཛིང་པ་ཡོད་ལ་ཕྱོགས་སྒྱུར་འཕེལ་རྒྱས་ལམ་བུའི་ཐོག་དམག་འཐབ་ཞིབ་འཇུག་ཇུས་འགོད་ལས་ཁུངས་ཀྱི་དྲག་ཇུས་པའང་ཡོད། བྱེད་སྒོ་སྤེལ་རིང་རང་དཔེ་གཞན་སྟོན་དང་། དོན་དངོས་བཀོལ་སྤྱོད། སློབ་ཁྲིད་གསལ་སྟོན་བཅས་ལྷུ་ཚིགས་གསུམ་འཆར་འགོད་ཞིབ་ཚགས་བྱས་ནས་ཆབ་སྲིད་དགེ་རྒན་གྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་། སློབ་ཁྲིད་ཀྱི་རྩལ་ནུས། དེ་བཞིན་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་བཅས་རིམ་བཞིན་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།

    བྱེད་སྒོ་སྤེལ་ཡུལ་དུ་བདམས་ཐོན་པས་སྔ་རྗེས་སུ་འཆད་སྟེགས་ཐོག་བསྐྱོད་ནས་སློབ་ཁྲིད་བྱས་ཏེ“ཆབ་སྲིད་ཐད་ལྷག་བསམ་ཟོལ་མེད་བྱེད་པ་དང་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། དཀའ་གནད་དང་གླེང་མང་བའི་གནད་དོན་རབ་དང་རིམ་པའི་མདུན་དུ་ལྷིང་འཇགས་བབ་བརླིང་དང་། བསམ་ཕྱོགས་ཁ་གསལ། རྩ་བརྟག་འདྲི་གཅོད། ནད་བསྟུན་སྨན་སྤྱོད་བཅས་བྱས་ཤིང་། ཁོང་ཚོས་ཉེ་འཁོར་གྱི་མི་དང་། བྱ་བ། གནད་དོན་ལ་སོགས་དྲངས་ཏེ་ཚང་མས་གོ་ཐུབ་པ་དང་། ངེས་ཐུབ་པ། སྤྱོད་ཐུབ་པ་བཅས་ཀྱི་རྩེར་སོན་པའི་སློབ་ཚན་ཐུང་ཐུང་མང་པོ་འཁྲིད་པ་རེད།

    “རང་སྲོག་བློས་གཏོང་དགོས་ཀྱང་རྒྱལ་ཁབ་ཀྱི་ས་ཆ་སྦར་མཐིལ་ཙམ་ཡང་མི་ཤོར་བ་བྱེད་ཀྱི་ཡིན། སྔོན་ལ་གོམ་གང་སྤོས་ནས་ཤི་དགོས་བྱུང་ནའང་གོམ་པ་ཕྱེད་ཀ་འང་ཕྱིར་བཤོལ་རྒྱག་གི་མིན”ཞེས་ཆབ་སྲིད་དགེ་རྒན་ལིའུ་དབྱི་ཡིས་དཔའ་བོའི་ཐོན་ཀྲང་ཆི་ཧྥ་པའོ་ཡི་སྐད་ཆ་དྲངས་ནས་འགོ་བརྩམས་པ་རེད། རྣམ་པ་གསུམ་གྱི་འགྲན་བསྡུར་བརྒྱུད་ཉན་མཁན་རྣམས་ལ་གཏམ་རྒྱུད་ཀྱི་མི་སྣ་གཙོ་བོར་རྒྱུས་ལོན་ཟབ་མོ་ཐུབ་པར་བྱས་པ་མ་ཟད། ཚང་མར་དམག་མིའི་འགན་འཁྲི་དང་ལས་འགན་ལ་གོ་བ་གཏིང་ཟབ་ལོན་པར་བྱ་རྒྱུའི་ཁྲིད་སྟོན་ཡང་བྱས་ཏེ། དམག་འཐབ་ལ་མཁས་པ་དང་རང་སྲོག་བློས་གཏོང་བར་མི་སྐྲག་པའི་འཐབ་འཛིང་པའི་སྤྱོད་ཚུལ་ཇེ་བཟང་དུ་བཏང་སྟེ། “དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པའི”བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད།

    འགྲན་བསྡུར་བྱས་རྗེས་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པས“ད་ཐེངས་ཀྱི་དཔྱད་བསྡུར་འགྲན་བསྡུར་ནི་འགྲན་སྟེགས་ཤིག་རེད་ལ་སློབ་ཚན་ཞིག་ཀྱང་རེད་འདུག དེ་ལས་ང་ཚོས་ཆབ་སྲིད་སློབ་གསོར་དོན་སྙིང་ལྡན་དགོས་པ་མ་ཟད། དེ་བས་དོན་སྙིང་ཆེན་པོ་ལྡན་དགོས་ལུགས་ཤེས་བྱུང་། ང་ཚོས་ད་ཐེངས་ཀྱི་དྲག་རྩལ་འགྲན་བསྡུར་དེ་བརྒྱུད་མི་འདང་ས་ཤེས་པ་དང་། སྒུལ་ཤུགས་ཆེ་རུ་གཏོང་བ། ཁ་ཕྱོགས་གསལ་པོ་བཟོ་བ། འཇོན་ཐང་ཆེ་རུ་གཏོང་བ། བསམ་ཕྱོགས་རྒྱ་སྐྱེད་གཏོང་བ། རྩེ་གྲ་བརྩོན་ལེན་བཅས་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།