དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • ཁྱེད་ཀྱིས་སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་གང་དག་ཤེས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-10

    བཅའ་ཁྲིམས་ཤེས་བྱའི་དྲི་བ་དྲིས་ལན།

    རྩ་ཁྲིམས། ས་བཅད་གཉིས་པའི་དོན་ཚན་སོ་བཞི་པའི་གཏན་འབེབས།

    ལོ་བཅོ་བརྒྱད་ལོན་པའི་སྤྱི་དམངས་ལ་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་ཡོད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན་བཅོ་བརྒྱད་པ།

    དར་མ་ནི་དམངས་དོན་བྱ་སྤྱོད་སྤེལ་བའི་ནུས་པ་རྦད་དེ་ཡོད་པའི་མི་ཡིན་པས། དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་རང་རྐྱ་འཕེར་བའི་ངང་ལག་བསྟར་བྱེད་ཆོག

    རྩ་ཁྲིམས། ས་བཅད་གཉིས་པའི་དོན་ཚན་ཞེ་དགུ་པའི་གཏན་འབེབས།

    གཉེན་སྒྲིག་ཁྱིམ་ཚང་ལ་རྒྱལ་ཁབ་ཀྱིས་སྲུང་སྐྱོང་བྱེད་ཀྱི་ཡོད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་ལྔ་བཅུ་ང་བདུན་པ།

    གཏུམ་སྤྱོད་ཀྱིས་གཞན་གྱི་གཉེན་སྒྲིག་རང་དབང་ལ་ཐེ་ཇུས་བྱས་ཚེ། དུས་བཀག་བཙོན་འཇུག་ལོ་གཉིས་མན་ནམ་ཡང་ན་བཙན་ཉར་ལས་སྐུལ་བྱ་རྒྱུ།

    ནང་གསེས་སྔ་མར་གཏན་འབེབས་བྱས་པའི་ཉེས་པ་བསགས་ནས་གནོད་འཚེ་གཏོང་ཡུལ་རྐྱེན་ལམ་དུ་སོང་ན། ལོ་གཉིས་ཡན་དང་ལོ་བདུན་མན་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུ།

    ནང་གསེས་དང་པོའི་ཉེས་པ་ཡིན་ན། ཁྲིམས་ལ་སྦྱར་རྗེས་གཞི་ནས་ཐག་གཅོད་བྱེད་ཀྱི་ཡོད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན་ཆིག་སྟོང་བརྒྱ་མེད་ཞེ་གཉིས་པ།

    བཙན་ཤེད་གཉེན་སྒྲིག་དང་། གཉེན་སྒྲིག་ཉོ་འཚོང་། དེ་བཞིན་གཉེན་སྒྲིག་རང་དབང་ལ་ཐེ་ཇུས་བྱེད་པའི་བྱེད་སྤྱོད་གཞན་དག་བཅས་སྤེལ་མི་ཆོག གཉེན་སྒྲིག་ལ་ཁ་གཡར་ནས་རྒྱུ་ནོར་གཡོ་ལེན་བྱེད་མི་ཆོག

    གཉེན་སྒྲིག་ཉིས་རྩེག་བྱེད་མི་ཆོག བཟའ་ཟླ་ཡོད་ན་གཞན་དངམཉམ་དུ་སྡོད་མི་ཆོག

    བཙན་ཤེད་གཉེན་སྒྲིག་དང་། གཉེན་སྒྲིག་ཉོ་འཚོང་། དེ་བཞིན་གཉེན་སྒྲིག་རང་དབང་ལ་ཐེ་ཇུས་བྱེད་པའི་བྱེད་སྤྱོད་གཞན་དག་བཅས་སྤེལ་མི་ཆོག

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས》ཀྱི་དོན་ཚན་རེ་གསུམ་པ།

    གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་གཉེན་སྒྲིག་ཁྱིམ་ཚང་ལ་ཟུར་ཁྲིད་ཞབས་ཞུ་བྱས་ནས་དོ་བདག་ལ་འདྲ་མཉམ་དང་། འཆམ་མཐུན། ཡ་རབས་བཅས་ཀྱི་གཉེན་སྒྲིག་ཁྱིམ་ཚང་གི་འབྲེལ་བ་ཆགས་པར་ཁྲིད་སྟོན་བྱེད་དགོས།

    བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་སྐབས་ཐབས་ལམ་གང་དག་བརྒྱུད་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་སམ།

    ལན། (1)འབྲེལ་ཡོད་སྡེ་ཚན་ལ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པའི་བླང་བྱ་འདོན་དགོས། དཔེར་ན། བུད་མེད་འདི་བཟའ་ཚང་སྒྲིག་མེད་པ་དང་། བཟའ་ཚང་སྒྲིག་པ། བཟའ་ཚང་ཁ་བྲལ་བ། བཟའ་ཟླ་གྲོངས་པ་སོགས་རྒྱུ་མཚན་དུ་བྱས་ནས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཁྲོད་ཀྱི་བུད་མེད་ཀྱི་ཁེ་དབང་ཁག་ལ་གནོད་འཚེ་ཕོག་སྐབས་ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་འདུམ་འགྲིག་བྱས་ན་འགྲིག

    (2)འདུམ་གཅོད་ལས་ཁུངས་ལ་ཁྲིམས་ལྟར་འདུམ་གཅོད་རེ་འདུན་ཞུ་དགོས། དཔེར་ན། ངལ་རྩོལ་རྩོད་གཞི་དང་གན་རྒྱའི་རྩོད་གཞི།

    (3)མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་དགོས། དཔེར་ན་བཟའ་ཚང་ཁ་བྲལ་བ་དང་མི་ལུས་ལ་གནོད་འཚེ་ཕོག་པ།

    (4)བུད་མེད་རྩ་འཛུགས་ལ་ཞུ་གཏུག་རྒྱག་དགོས། དཔེར་ན་བུད་མེད་མཉམ་འབྲེལ་ལྷན་ཚོགས་སམ་ཡང་ན་འབྲེལ་ཡོད་བུད་མེད་རྩ་འཛུགས་ཀྱིས་དམིགས་གཏན་འཁེལ་བའི་བུད་མེད་ཚོགས་སྤྱིའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་རིགས་ཡོད་ཕྱིན་སྤྱི་དམངས་ཀྱི་བརྒྱུད་སྤེལ་སྨྱན་སྦྱོར་ལས་སྟེགས་ནས་དམར་འདོན་དང་སྐྱོན་བརྗོད་བྱེད་ཆོག་ལ། འབྲེལ་ཡོད་སྡེ་ཚན་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས་པའི་བླང་བྱའང་འདོན་ཆོག བུད་མེད་རྩ་འཛུགས་ཀྱིས་གནོད་འཚེ་ཕོག་པའི་བུད་མེད་ལ་ཞུ་གཏུག་རྒྱག་པའི་དགོས་མཁོ་ཡོད་ཚེ་རྒྱབ་སྐྱོར་བྱེད་དགོས།

    བཟའ་ཚང་ཐུན་མོང་ལ་དབང་བའི་རྒྱུ་ནོར་གང་དག་ཡོད་དམ།

    ལན། རང་རྒྱལ་གྱི《གཉེན་སྒྲིག་བཅའ་ཁྲིམས》དང་འབྲེལ་ཡོད་ཁྲིམས་འཛིན་འགྲེལ་བཤད་གཞིར་བཟུང་། བཟའ་ཚང་གི་གཉེན་སྒྲིག་འབྲེལ་བ་སོར་གནས་བྱེད་རིང་ཐོབ་པའི་གཤམ་གསལ་གྱི་རྒྱུ་ནོར་དག་བཟའ་ཚང་ཐུན་མོང་ལ་དབང་བ་སྟེ། གླ་ཆ་དང་བྱ་དགའ་དང་། ཐོན་སྐྱེད་དང་གཉེར་སྐྱོང་གི་ཁེ་བཟང་། ཤེས་བྱའི་བདག་དབང་གི་ཁེ་བཟང་། རྒྱུན་འཛིན་ནམ་ཡང་ན་སྦྱིན་ནས་བྱུང་བའི་རྒྱུ་ནོར། (ཁ་ཆེམས་སམ་ཡང་ན་གན་རྒྱའི་ནང་ཁྱོ་བོའམ་ཡང་ན་ཆུང་མ་ཕྱོགས་གཅིག་ཁོ་ནར་དབང་བ་གཏན་འཁེལ་བྱས་པའི་རྒྱུ་ནོར་ཚུད་མེད) ཕྱོགས་གཅིག་གིས་མི་སྒེར་གྱི་རྒྱུ་ནོར་མ་འཇོག་བྱས་པ་ལས་བྱུང་བའི་ཁེ་བཟང་། སྐྱེས་པ་དང་བུད་མེད་ཕྱོགས་གཉིས་པོར་དངོས་སུ་ཐོབ་པའམ་ཡང་ན་ཐོབ་དགོས་ངེས་ཀྱི་སྡོད་ཁང་གི་ཁ་གསབ་དང་སྡོད་ཁང་སྤྱི་གསོག་མ་དངུལ། བཟའ་ཚང་ཕྱོགས་གཉིས་པོར་དངོས་སུ་ཐོབ་པའམ་ཡང་ན་ཐོབ་དགོས་ངེས་ཀྱི་རྒན་གསོ་འགན་བཅོལ་གྱི་དངུལ་དང་མ་རྩ་སྟོངས་པའི་བཀོད་སྒྲིག་གི་ཁ་གསབ་དངུལ་བཅས་དང་དེ་བཞིན་བཟའ་ཚང་ཐུན་མོང་ལ་དབང་བར་བརྩི་ཆོག་པའི་རྒྱུ་ནོར་གཞན་དག་བཅས་རེད།

    གཉེན་སྒྲིག་དང་བུ་བཙའི་གནད་དོན་ཐད་བུད་མེད་ལ་རང་མོས་གདམ་ག་བྱེད་དབང་ཡོད་དམ།

    ལན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་། རྒྱལ་ཁབ་ཀྱིས་བུད་མེད་ལ་སྐྱེས་པ་དང་མཉམ་པའི་གཉེན་སྒྲིག་ཁྱིམ་ཚང་གི་ཁེ་དབང་འགན་ལེན་བྱེད་ཅིང་། བུད་མེད་ལ་བཟའ་ཚང་སྒྲིག་པ་དང་བཟའ་ཚང་ཁ་བྲལ་བའི་རང་དབང་ཡོད་པས་མི་གང་རུང་ཞིག་གིས་ཐེ་ཇུས་བྱེད་མི་ཆོག བུད་མེད་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བུ་ཕྲུག་བཙའ་བའི་ཁེ་དབང་ཡོད་ལ་བུ་ཕྲུག་མི་བཙའ་བའི་རང་དབང་ཡང་ཡོད།

    བཟའ་ཚང་དབར་བརྩེ་དུང་མེད་པར་གྱུར་ནས་མཐུན་ཐབས་བྲལ་བའི་སྣང་ཚུལ་ཇི་ལྟར་ གཏན་འཁེལ་བྱེད་དགོས་སམ།

    ལན། 《གཉེན་སྒྲིག་བཅའ་ཁྲིམས》ནང་གཏན་འབེབས་བྱས་དོན། གཤམ་གསལ་གྱི་གནས་ཚུལ་རིགས་གཅིག་ཡོད་པ་དང་འདུམ་འགྲིག་བྱས་ནས་ཕན་འབྲས་མ་ཐོན་ན་བཟའ་ཚང་ཁ་འབྲལ་ཆོག་པ་སྟེ།

    (1)བསྐྱར་དུ་གཉེན་སྒྲིག་བྱས་པའམ་ཡང་ན་བཟའ་ཚང་ཡོད་བཞིན་དུ་མི་གཞན་དང་མཉམ་དུ་བསྡད་པའི་རིགས།

    (2)ཁྱིམ་ཚང་གཏུམ་སྤྱོད་དམ་མནར་གཅོད་བཏང་བའམ་ཡང་ན་ཁྱིམ་ཚང་གི་ཁོངས་མིར་གསོ་འགན་མི་འཁུར་བའི་རིགས།

    (3)རྒྱན་པོ་འགྱེད་པ་དང་དུག་འཐེན་པ་སོགས་ཀྱི་སྲོལ་ངན་ཡོད་པ་དང་ལམ་ནོར་ལྡོག་ཤེས་མི་བྱེད་པའི་རིགས།

    (4)ཕན་ཚུན་མི་འཆམ་པར་ལོགས་སུ་ལོ་གཉིས་ཡན་བསྡད་པའི་རིགས།

    (5)བཟའ་ཚང་དབར་བརྩེ་དུང་མེད་པར་གྱུར་ནས་མཐུན་ཐབས་བྲལ་བའི་རིགས་གཞན་དག་བཅས་སོ།

    གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས》ནང་ཁྱོ་བོའི་ཕྱོགས་ཀྱིས་བཟའ་ཚང་ཁ་འབྲལ་བའི་རེ་བ་འདོན་མི་ཆོག་པའི་དུས་མཚམས་གསུམ་གང་དག་ཡིན་ནམ།

    ལན། (1)ཆུང་མར་ཕྲུ་གུ་འཁོར་བའི་དུས་དང་། (2)ཕྲུ་གུ་བཙས་རྗེས་ཀྱི་ལོ་གཅིག་ནང་། (3)མངལ་འཁོར་མཚམས་བཞག་རྗེས་ཀྱི་ཟླ་བ་དྲུག་ནང་ཚུན་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།