ལྗོངས་ཡོངས་ཀྱི་ཁྲིམས་འགལ་དངུལ་རྩའི་བྱེད་སྒོར་འགོག་ཟོན་དང་དེར་རྡུང་རྡེག་གཏོང་བ་དང་ཁྲིམས་འགལ་གྱིས་མ་རྩ་བསྡུ་རུབ་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་བརྙན་ལམ་ཚོགས་འདུ་འཚོགས་པ།
ཚེས་4ཉིན། ལྗོངས་ཡོངས་ཀྱི་ཁྲིམས་འགལ་དངུལ་རྩའི་བྱེད་སྒོར་འགོག་ཟོན་དང་དེར་རྡུང་རྡེག་གཏོང་བ་དང་ཁྲིམས་འགལ་གྱིས་མ་རྩ་བསྡུ་རུབ་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་བརྙན་ལམ་ཚོགས་འདུ་འཚོགས་ནས་2024ལོའི་ཁྲིམས་འགལ་ལ་འགོག་ཟོན་དང་དེར་རྡུང་རྡེག་གཏོང་བའི་ལས་དོན་ལ་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ་དང་ཞིབ་དཔྱད་བྱས་ནས་ད་ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་ཏང་ཨུད་དངུལ་རྩ་གཞུང་དོན་ཁང་གི་ཀྲུའུ་རེན་ཝེ་ཤིའུ་ཁྲང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་2024ལོར། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ལམ་ལུགས་དང་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ། འགན་སྒྲུབ་འགན་འཁུར་ཏན་ཏིག་དང་ནུས་ལྡན་བཅས་བྱས་པས། ཆེད་དོན་བྱ་སྤྱོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོ་དང་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་ཀྱི་ཉེན་ཁ་བཀག་འགོག་ནུས་ལྡན་ཐུབ་ཡོད། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་སྒྲིལ་གྱི་ལོ་ཡིན་པས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་། ཀྲུང་དབྱང་གི་དངུལ་རྩའི་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི་དངུལ་རྩའི་མ་ལག་གི་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དོན་འཁྱོལ་དང་ཁྲིམས་འགལ་ལ་འགོག་ཟོན་དང་དེར་རྡུང་རྡེག་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་ཁག་བགོས་ཁ་གསལ་བཟོས་ཏེ་གསོག་ཚད་གཙང་དག་དང་། སྤུས་ཚད་ལེགས་གཏོང་། འཕར་ཚད་ཚོད་འཛིན་བཅས་བྱས་ཏེ། ཁྲིམས་འགལ་ལ་འགོག་ཟོན་དང་དེར་རྡུང་རྡེག་གཏོང་བའི་འཁོར་འབྲེལ་ཧྲིལ་པོ་བཅོས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།