དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མངའ་རིས་ས་ཁུལ་སྤུ་ཧྲེང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་10ལ་མཐའ་སྲུང་དྲན་རྟེན་རྟགས་མ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-06

    འདི་ནི་དྲན་རྟེན་རྟཌ་མ་ཐོབ་པའི་མི་དམངས་ཉེན་རྟོག་པས་མཐའ་མཚམས་ཀྱི་རྒྱལ་སྒོའི་མདུན་དུ་དྲན་རྟེན་མཉམ་པར་རྒྱག་བཞིན་པ།

    ཉེ་ཆར། མངའ་རིས་ས་ཁུལ་སྤུ་ཧྲེང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་2025ལོའི་མཐའ་སྲུང་དྲན་རྟེན་རྟགས་མ་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། ད་ཐེངས་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་སྤུ་ཧྲེང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ལ་དངུལ་གྱི་དྲན་རྟེན་རྟགས་མ་2དང་ཟངས་ཀྱི་དྲན་རྟེན་རྟགས་མ་8སྤྲད་པ་རེད།

    མིག་སྔའི་བར། སྤུ་ཧྲེང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་58ལ་མཐའ་སྲུང་དྲན་རྟེན་རྟགས་མ་ཐོབ་ཡོད། སྤུ་ཧྲེང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་ཚང་མས་ད་ཐེངས་ཐོབ་པའི་དྲན་རྟེན་རྟགས་མ་འགོ་འཛུགས་ས་གསར་པར་བྱས་ཏེ། ཐོག་མའི་བསམ་འདུན་བརྟན་སྲུང་དང་འབད་འབུངས་མདུན་སྐྱོད་ཀྱིས་མེས་རྒྱལ་གྱི་མཐའ་མཚམས་དར་རྒྱས་དང་བརྟན་ལྷིང་ཡོང་བར་མུ་མཐུད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།