དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དབྱང་ལི་ཡུང་གིས་བརྗོད་དོན།

    གྲངས་འཛིན་གློག་ཁང་འཛུགས་སྐྲུན་གྱི“བོད་ཀྱི་ཇུས་གཞི”འཚོལ་ཞིབ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-03

    འདི་ནི་དབྱང་ལི་ཡུང་གིས་DGཡི་ཆུ་ཤུགས་གློག་ཁང་ལས་སྒྲུབ་ལྟ་སྐུལ་ཚོད་འཛིན་གྱི་གློག་མིག་ལ་ཞིབ་བཤེར་བྱེད་བཞིན་པ།

    ས་བབ་མཐོ་ཚད་སྨི་3500ཟིན་པའི་ཡར་ཀླུང་གཙང་འགྲམ་དུ་གནས་པའི་བོད་ཀྱི་DGཆུ་ཤུགས་གློག་ཁང་གི་ཚོད་འཛིན་ཁང་གི་བརྙན་ཤེལ་ཆེན་པོའི་ནང་རྩ་གསུམ་གཞི་གྲངས་ཀྱི་རྒྱུན་ཡང་སེ་བསྒྱུར་བ་ལས་གློག་ཁང་ཧྲིལ་པོའི་གནས་ཚུལ་གསལ་གྱི་ཡོད། ས་མཐོའི་ཆུ་ཤུགས་གློག་ཁང་ལ“གྲངས་འཛིན་རྟོག་བཟོའི”རིག་ལྡན་མ་ལག་ཅིག་ཡོད་པ་དེ་གློག་ཤུགས་ལས་ལ་གཞོལ་ནས་ལོ་30སོང་བའི“བཟོ་བོ་རྒན་གྲས”ཏེ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་། ཧྭ་གློག་བོད་ལྗོངས་ནུས་རྒྱུ་ཚད་ཡོད་ཀུང་སིའི་དྭགས་པོ་ཆུ་ཤུགས་ཡན་ལག་ཀུང་སིའི་ཐོན་སྐྱེད་ལག་རྩལ་པུའི་ཆ་འཕྲིན་ཅན་གྱི་ཆེད་བསྐོས་བཟོ་པ། ལས་རོགས་ལག་རྩལ་ཆེ་མོ་བ། མཐོ་རིམ་ལག་རྩལ་ཆེ་མོ་བ་བཅས་ཡིན་པའི་དབྱང་ལི་ཡུང་གི་བློ་རིག་ལས་བྱུང་བ་ཞིག་རེད།

    2020ལོར། ལོ་44ལ་སླེབས་པའི་དབྱང་ལི་ཡུང་སི་ཁྲོན་གློག་གཏོང་བཟོ་གྲྭ་ནས་བོད་དུ་ལས་ཀ་བྱེད་པར་འོང་བ་དང་། དེ་དུས་ཁོང་ནི་ལས་རིགས་ནང་སྐད་གྲགས་ཆེ་བའི“འཕྲུལ་ཆས་དང་གློག་ཆས་ཀྱི་ཉམས་བཟོ་བ”ཞིག་རེད། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་40ལྷག་ཙམ་ནས་གློག་གཏོང་སྙོམས་སྒྲིག་གི་ཚོད་ལྟའི་འགན་གཙོ་བོ་ཁུར་ནས་དཀའ་གནད་དང་སྐྱོན་ཆ་ཁག་300ལྷག་ཙམ་བསལ་ཡོད། ཡིན་ནའང་། བོད་དུ་ནང་མཁོ་ཆེ་ཤོས་ཀྱི་ཆུ་ཤུགས་གློག་ཁང་རྣམ་གྲངས་DGཡི་ཆུ་ཤུགས་གློག་ཁང་སྐྲུན་བཞིན་པར་དམིགས་ནས་ཁོང་གིས་སྔར་བཞིན་ཐོག་མ་ཉིད་ནས་འགོ་བརྩམ་རྒྱུའི་ཐག་བཅད་པ་སྟེ། “འདི་གར་མཁོ་བ་ནི་སྲོལ་རྒྱུན་གྱི་ཆུ་ཤུགས་ལག་རྩལ་ཙམ་མ་ཟད། ས་བབ་མཐོ་སར་གྲངས་གཞིའི་གློག་ཁང་འཛུགས་སྐྲུན་བྱེད་པའི‘བོད་ཀྱི་ཇུས་གཞི’དེ་བས་འཚོལ་ཞིབ་བྱེད་དགོས་པ”དེ་རེད།

    ཁོང་གིས་སྣེ་ཁྲིད་པའི་ཚོགས་པས་ས་མཐོར་ཉིན་མོར་ཆུ་རགས་སྟེང་ལས་ཀ་བྱེད་པ་དང་ཕུག་ལམ་འབིགས་པ། དགོང་མོར་རིགས་གཅིག་མཁས་ཅན་དང་མཉམ་དུ“སྤྲིན་ཚོམ་བརྟག་དཔྱད”བྱས་ཏེ། ཉིན་ལྟར་ལས་ཡུལ་དུ་བསྡད་ནས་རིག་ནུས་བདེ་འཇགས་འགོག་སྲུང་དང་གྲངས་འཛིན་ཆུ་རགས་སོགས་མ་ལག་ཆེན་པོ་དྲུག་གི་རིག་ནུས་ལས་སྟེགས་བཏོད་ཡོད། 2021ལོར་གློག་ཁང་འཛུགས་སྐྲུན་གྱི་མཐའ་མའི་དུས་སུ། དབྱང་ལི་ཡུང་གིས་ཉིན་ཤས་བསྟུད་མར་བཅའ་སྲུང་དང་གདོང་ལེན་ནང་ཞུགས་ནས་མཐར“ལོ་གཅིག་ནང་སྒྲིག་སྦྱོར་འཕྲུལ་འཁོར་བཞི་ནས་གློག་གཏོང་ཐུབ་པའི”བོད་ཀྱི་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་གྱི་ངོ་མཚར་བཏོད་ཡོད།

    ཐེངས་ཤིག་ལས་ཀ་བྱེད་སྐབས། དབྱང་ལི་ཡུང་ཚོགས་པས་DGགློག་ཁང་གི་ཆུ་རགས་ཆེན་པོ་ནས་རིང་ཚད་ལ་སྨི་26.2དང་ཚངས་ཐིག་ལ་ལི་སྨི་20ཟིན་པའི་དེང་སྐབས་འཛམ་གླིང་ཐོག་ཆེས་རིང་ཤོས་ཀྱི་བགྲུས་བཙིར་ཨར་འདམ་གྱི་སྙིང་ལེབ་ཅིག་རྙེད་པ་ད་ལྟ་རྒྱལ་ཁབ་རྟེན་མཛོད་ཁང་དུ་ཉར་ཡོད།

    ཁོང་གི་ངལ་རྩོལ་དཔེ་བཟང་བའི་གསར་གཏོད་ལས་དོན་ཁང་དུ་ཁེ་བེད་དཔང་ཡིག་153སྒྲིག་གཤོམ་བྱས་ཡོད་ཅིང་། རིམ་རྩིས་བརྒྱབ་ན་ཚན་རིག་ལག་རྩལ་བྱ་དགའ་ཁག་32དང་། ཞིང་ཆེན་དང་པུའུ་རིམ་པའི་ལས་གྲྭའི་ལག་རྩལ་ཁག་21 QCགྲུབ་འབྲས་ཁག་32བཅས་ཐོབ་ཡོད། ལས་རིགས་ཀྱི་རིགས་གཅིག་མཁས་ཅན་གྱིས་DGགློག་ཁང་འཛུགས་སྐྲུན་གྱི་ཕན་འབྲས་ལ་གདེང་འཇོག་ཆེན་པོ་བྱས་ཤིང་། “ས་འབབ་མཐོ་ལ་རྙོག་འཛིང་ཆེ་བའི་ཆ་རྐྱེན་འོག་བགྲུས་བཙིར་ཨར་འདམ་ལས་གྲུབ་པའི་ཆུ་རགས་རྒྱག་པའི་ལག་རྩལ་གྱི་སྟོང་ཆ་བསྐངས་ནས་ཆུ་གློག་ལས་རིགས་ཀྱིས་ཆུ་རགས་རྒྱག་པའི་ལག་རྩལ་གྱི་ཆུ་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད”ཅེས་བརྗོད།

    DGགློག་ཁང་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས། དབྱང་ལི་ཡུང་གིས་ལས་སྒོའི་རྐང་འཛིན་པ་དང་ལྷག་པར་དུ་གཞོན་ནུ་ལས་བཟོ་50ལྷག་ཙམ་གསར་གཏོད་ལས་དོན་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཡོད། “ལག་རྩལ་ཆེ་མོ་བ”འདིས་རང་ཉིད་ཀྱིས་ལོ་མང་རིང་འཚོལ་ཞིབ་བྱས་ནས་ཐོབ་པའི་ལག་རྩལ་དང་གསར་གཏོད་ཀྱི་མྱོང་བ་སྒེར་སེམས་མེད་པར་ཉེ་འཁོར་གྱི་གཞོན་ནུ་ལས་བཟོར་བསླབས་ཏེ་རྒྱལ་ཡོངས་ཀྱི་བུད་མེད་ཀྱི་བྱས་རྗེས་དཔེ་དམག་དང་། བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་ཀྱི་བྱས་རྗེས་དཔེ་དམག བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི། ཧྭ་གློག་ཚོགས་པའི“འབད་འཐབ་མདུན་སྐྱོད་བྱེད་མཁན་ཆེན་པོ་བཅུ”སོགས་ཆུ་གློག་རྩལ་ནུས་ཀྱི་ཤེས་ལྡན་པ་མང་པོ་གསོ་སྐྱོང་བྱས་ཡོད། ད་ཆ་གཞོན་ནུ་དེ་དག་རིམ་བཞིན་གྲངས་འཛིན་གློག་ཁང་འཛུགས་སྐྲུན་དང་གསར་གཏོད་དང་ཕན་ནུས་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་གཙོ་ཤུགས་དམག་ལ་གྱུར་དང་འགྱུར་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།