དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ལྷག་བསམ་རྣམ་དག་གངས་རི་དཀར་པོ་འདྲ། ཟླ་མེད་རྩལ་ལག་ལུས་ཀྱི་རྒྱན་དུ་མཛེས།

    —— བོད་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་རྫི་ཁྱི་རུ་འབྲིང་གིས་ཕྱི་རོལ་གྱི་འཚོལ་སྐྱོབ་སྦྱོང་བརྡར་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-03

    འདི་ནི་ཕྱི་རོལ་དུ་འཚོལ་སྐྱོབ་སྦྱོང་བརྡར་བྱེད་བཞིན་པ།

    2025ལོའི་རྒྱལ་ཡོངས་ཀྱི་མེ་གསོད་རྫི་ཁྱིའི་རྩལ་ནུས་འགྲན་བསྡུར་སྐབས་བརྒྱད་པར་དམག་གྲབས་བྱེད་པ་དམིགས་ཚད་དུ་བྱས་པའི་མཐར་ཟད་སྦྱོང་བརྡར་གྱིས་ས་མཐོའི་རྫི་ཁྱིའི་དངོས་འཐབ་ཅན་གྱི་སྦྱོང་བརྡར་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད་པ་རེད།

    འགྲན་བསྡུར་གྱི་ནང་དོན་གཙོ་བོ་ཡིན་པའི“ཕྱི་རོལ་གྱི་འཚོལ་སྐྱོབ”དེ་ནི་ས་མཐོར་གཞན་དང་མི་འདྲ་བའི་འགྲན་སློང་ཞིག་རེད། མཐའ་མའི་གདོང་མཆོང་བྱེད་སྐབས་རྫི་ཁྱིའི་དྲོད་ཚད་ནི་མེ་གསོད་པའི་སྒུལ་ཤུགས་ཆེ་ཤོས་དེ་རེད། སྦྱོང་བརྡར་བྱ་ཡུལ་དུ་མེ་གསོད་པས་རྫི་ཁྱི“ལེ་ཁཱ”ཁྲིད་དེ་རུ་མི་དང་མཉམ་དུ་འགྲན་བསྡུར་དྲག་པོར་ཞུགས། གསར་འགོད་པས་ཤེས་རྟོགས་བྱས་པར། མི་ཁྱི་གཞི་གཅིག་ཏུ་འདྲེས་པ་ལྟར་བྱུང་ཚེ་ཆ་སྙོམས་གྲུབ་འབྲས་27%འཕར་བ་དང་། མི་ཁྱིའི་སྙིང་གི་འཕར་ཚད་གཅིག་མཚུངས་ལྡན་ཚད་90%ཟིན་གྱི་ཡོད་པ་རེད།

    ཟོལ་རྫུའི་དྲ་བ་དང་། ཤིང་དུམ། ཚེར་མ་བཅས་ཀྱིས་ཁེངས་པའི་སྦྱོང་བརྡར་བྱ་ཡུལ་དུ་རུ་མི་ཚོས་སྔོན་ལ་ཟོལ་རྫུའི་དྲ་བ་བཀོད་སྒྲིག་ཡག་པོ་བྱས་ཏེ། རུ་མི་གབ་ནས་གཏན་འཁེལ་གྱི་ས་ཁོངས་ཁྲོད་རྫི་ཁྱིས་རྨས་མ་འཚོལ་སྐྱོབ་བྱེད་དགོས་ཀྱི་ཡོད། གལ་ཏེ་རྫི་ཁྱིས་རྡོ་ཧྲུག་སྤུངས་པའི་འགེབས་སྲུང་དངོས་པོའི་མདུན་དུ་བསྟུད་མར་ཟུག་ནས་གཏིང་ཚད་སྨི་2ཟིན་པའི་རྨས་མ་གནས་ས་གཏན་འཁེལ་ཐུབ་ཚེ། སློབ་སྟོན་པ་ཚོས་དུས་ཐོག་ཏུ་བྱ་དགའ་སྤྲོད་ཀྱི་ཡོད། སྦྱོང་བརྡར་ཐེངས་མང་བྱས་པ་བརྒྱུད། མཐར་ཟད་ཁོར་ཡུག་ཁྲོད་དུ་རུ་མི་དང་རྫི་ཁྱི་མཉམ་སྡེབ་དམག་འཐབ་བྱེད་པའི་རྩལ་ནུས་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད་པ་རེད།

    རྫི་ཁྱི་རུ་འབྲིང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར“མ་ལག་ཀུན་འདུས་ཀྱི་འདྲ་བཟོའི་འཚོལ་སྐྱོབ”གཙོ་གནད་ཐོག་སྤེལ་ཏེ་ཤིང་ནགས་སྟུག་པོ་དང་རྡོ་ཧྲུག་སྤུངས་པ་སོགས་ཀྱི་རྙོག་འཛིང་ཆེ་བའི་ས་དབྱིབས་སུ་འགོག་རྐྱེན་ས་ཚིཌ་དང་། འཚོལ་ཞིབ་བྱེད་ས་བཀོད་སྒྲིག་བྱས་ནས་དངོས་འཐབ་འདྲ་བཟོ་བྱས་ཏེ་རྙོག་འཛིང་ཆེ་བའི་ཁོར་ཡུག་ཁྲོད་རྫི་ཁྱིའི་ལག་བསྟར་ནུས་ཕྱོད་མཐོ་རུ་གཏོང་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།